སྙིང་གི་ཐིག་ལེ།

གཡུ་ཆུང་ཡེ་རྡོར།        2022-06-15

འཚོ་བ་ནི་ཆུ་ཡི་འཁོར་ལོ་ཞིག་སྟེ།

དུས་ཚོད་ཀྱི་རླུང་བུས།

རང་གཉིས་ནི་ཉི་ཟླ་བཞིན་རེས་སུ་

བསྒྱུར་འགྲོ།

ལོ་ཟླ་དེ་དག་ནི། ཤོག་བུ་ཞིག་ཡིན་

པའི་དབང་དུ་བཏང་ན།

ངོས་གཉིས་ནི། རང་གཉིས་ཀྱི་ངོ་གདོང་

མཐོང་བའི་མེ་ལོང་ཁོ་ནའོ།།

སྙིང་ཉེ།

ཁྱེད་རང་ག་པར་ཡོད་དམ།

ཁྱེད་རང་མེད་པའི་མཚན་མོ་འདི་ཇི་

འདྲའི་རིང་།

གཉིད་མི་ཁུག་པའི་དུས་ཚོད་དག་ཏུ།

ཁྱེད་ནི་ཆེས་ལྷད་མེད་པའི། ཆེས་བླ་ན་

མཐོ་བའི།

དྭངས་གཙང་དེ་མཐོང་ངེས།

སྙིང་ཉེ།

ཆུ་བོ་བཞུར་གྱིན་འདུག།

དུས་ཚོད་ཀྱང་ཉི་ཟླ་གཉིས་ཀྱི་པང་དུ་འཁོར།

ཁྱོད་རང་ཁོ་ན།

ང་ཡི་ཚེ་བླ་སྲོག་གསུམ་དུ་ལྷག་ཡོད།

ས་རུབ་ཚེ།

ཉི་འོད་ཀྱི་ཁུག་པ་ནས་རྒྱངས་

པའི་ཕ་ཡུལ་ཡང་།

ཁྱེད་ཀྱི་ནང་ཁོག་ཏུ་འགུལ་བའི་སྲོག་ཏུ་

འཁྲུལ་ཡོང་།

མིན་ན། ཆེས་ཐོག་མའི་སྦྱོར་བས་བསླངས་

བའི་བརྩེ་བ་དེ།

ཉི་འོད་ཀྱི་ཁུད་དུ་རུམ་འདུག།

བུ་མོ་ལགས།

ག་པར་བཞུགས་སམ།

ཁ་པར་དུང་བརྡ་གྲགས་པ་དེ་ཁྱེད་ཡིན་ནམ།

འཕྲིན་ཕྲན་དུ་བརྡ་གཏོང་གིན་པ་ཁྱེད་

ཡིན་ནམ།

གལ་ཏེ།

ཕ་ཡུལ་དང་ཁྱེད་ནི།

ང་ཡི་སེམས་ལ་དཔེ་བཞག་ན།

ཉི་ཟླ་གཉིས་སོ།།

ཉི་འོད་ཀྱིས་རླུང་བུ་བདས་ཚེ།

ཟླ་འོད་ཀྱི་མིག་ཟུང་རྒྱང་རིང་གི་རི་ལུང་དུ་བྲོས།



  • ལེ་ཚན་སྔོན་མ།:རེ་སྒུག་ཁྲོད་ཀྱི་བྱམས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།