ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-06-15

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ལས་སྒྲུབ་རུ་ཁག་ཁྲིད་ནས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཁུལ་གཞུང་ལམ་འཛུགས་སྐྲུན་ཞབའ་ཞུ་ལྟེ་གནས། ཁུལ་འགྲིམ་འགྲུལ་དང་གྲོང་རྡལ་དང་ཡུལ་ཤོག་འཛུགས་སྐྲུན་མ་དངུལ་གཏོང་འཇོག་ཚོགས་པ་བཅས་སུ་བརྟག་ཞིབ་དང་། “ལམ་གཉིས”ཀྱི་བསམ་པའི་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར། གཞུང་ལམ་བདག་སྐྱོང་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ཅན་གྱི་མ་ལག་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་བརྟག་ཞིབ་ནང་ཞུགས་པར་མ་ཟད། བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

འབྲེལ་ཡོད་ལས་ཀའི་སྙན་ཞུ་ལ་གསན་འཇོག་གནང་རྗེས་ཧྥུང་ཧྥ་ཀུའེ་ཡིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་འཐབ་ཕྱོགས་ཐོག་གི་ལས་དོན་པ་དང་འབྲེལ་ཡོད་འཛུགས་སྐྲུན་ནང་ཞུགས་མཁན་སྡེ་ཚན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་ལས་ཀའི་གཅིག་གྱུར་གྱི་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་ལས་གཞི་དོ་དམ་ལ་ཤུགས་སྣོན་དགོས། གསུམ་ནས་སྤུས་ཚད་ཀྱི་མཐིལ་ཚད་ནན་སྲུང་བྱ་དགོས། བཞི་ནས་ཉེན་མེད་ཀྱི་མཐིལ་ཚད་ནན་སྲུང་བྱ་དགོས། ལྔ་ནས་སྤྱོད་གཙང་གི་མཐིལ་ཚད་ནན་སྲུང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་གཙོ་སྐྱོང་གནང་ནས་གནོད་འགོག་གེགས་སེལ་རྒུད་སྐྱོབ་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཡུལ་སྡེ་དར་རྒྱས་གཏོང་བའི་མཛེས་སྡུག་གི་རི་མོ་མཉམ་དུ་འབྲི།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10