ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་སུ་འདི་འདྲ་བཤད་འདུག།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར་ཞུས་བྱས།        2022-06-14

   ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་སུ་འདི་འདྲ་བཤད་འདུག།

   སྤྱི་ཟླ6པའི་ཚེས10ཉིན་ལ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་།  ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ཁོང་དུ་ཆུད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་བཅས་ཀྱི་སྙིང་དོན་དོན་འཁྱོལ་ནན་ཏན་བྱེད་ཅིང་། བློ་བརྟན་འགྱུར་མེད་ངང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་པ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པའི་སྟོབས་ཤུགས་བརྗིད་རྔམ་ལྡན་པ་གཅིག་ཏུ་འགྲིལ་ཐུབ་པར་བྱ་དགོས་ཞེས་ནན་གསུང་གནང་།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་བཅས་གྲོས་ཚོགས་སུ་ཞུགས་ཡོད།

    གྲོས་ཚོགས་སུ་བསྟན་དོན། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་ཆོས་ལུགས་ལས་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་ཆོས་ལུགས་ལ་ངོས་འཛིན་དང་ལྟ་སྟངས་གནང་ཞིང་། ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ལ་སྟངས་འཛིན་གནང་བ། ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་གནང་བས། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལེགས་པོར་བསྒྲུབ་པར་ཁྲིད་སྟོན་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་སོ་སོས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ཆ་ཚང་ཞིང་འཕྱུགས་པ་མེད་ལ། ཕྱོགས་ཡོངས་ནས་གོ་བ་བླང་དགོས་པ་དང་། “དགོས་ངེས་དགུའི”སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་དང་།   “དུས་གཅིག་ཏུ་གནས་པ་གསུམ”གྱི་ཆོད་གཏམ་གལ་ཆེན་ལ་ངོས་འཛིན་གསལ་པོ། “འབྲེལ་བ་གལ་ཆེན་ལྔ”སྟངས་འཛིན་འཕྱུགས་མེད་བཅས་བྱས་ཏེ་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་ཁ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པར་དམིགས་ཏེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་ཞིང་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    གྲོས་ཚོགས་སུ་བསྟན་དོན། ཉེ་བའི་ལོ་འགར། དུས་རབས་ཀྱི་རིམས་ཚུལ་དང་ལོ་བརྒྱའི་འགྱུར་ལྡོག་མཉམ་དུ་འདྲེས་པའི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བ་ལ་འཕྲད་པའི་སྐབས་སུ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག།  ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཆོས་ལུགས་ལས་དོན་དེ་ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ནང་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་པར་བརྟེན། ཆོས་ལུགས་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་མུ་མཐུད་དེ་འཐུས་ཚང་དུ་ཕྱིན་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་མུ་མཐུད་ནས་བརྟན་ལྷིང་ཡོང་བ་དང་། གཙོ་གནད་དགོན་སྡེ་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་དེ་བརྟན་དུ་སོང་ཞིང་། ཁྲིམས་ལྟར་དགོན་པ་སྐྱོང་བ་དང་གྲྭ་བཙུན་སྐྱོང་ཤུགས་མུ་མཐུད་དེ་ཆེ་རུ་ཕྱིན་ཡོད་ཅིང་། “ཁྲིད་སྟོན”ལས་དོན་རྒྱུན་མཐུད་དེ་བསྐུལ་ཡོད་ལ། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་རྒྱུན་མཐུད་ངང་མངོན་ཐུབ་པ་བྱུང་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་བྱེད་པའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

    གྲོས་ཚོགས་སུ་ནན་པོར་བསྟན་དོན། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན་ཞིང་། ཆོས་ལུགས་སྐྱོན་བྲལ་ངང་བརྒྱུད་འཛིན་པར་བསྐུལ་བའི་དགོས་མཁོ་ཡིན་ལ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་དགོས་མཁོ་ཡང་ཡིན། ལོ་རྒྱུས་ཀྱི་དགོས་ངེས་ཤིག་ཡིན་ལ་དངོས་ཡོད་ཀྱི་དགོས་ངེས་ཤིག་ཀྱང་ཡིན་པར་གོ་བ་གཏིང་ཟབ་ལོན་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་བྱས་ནས“ངོས་འཛིན་གཅིག་མཐུན་ལྔ”ཆེ་རུ་གཏང་རྒྱུར་ཤུགས་རྒྱག་པ་དང་། “གདེང་ཚོད་བཞི”སྔར་བས་བརྟན་དུ་བཏང་སྟེ་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་ལ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་གཤིས་ལུགས། ཀྲུང་གོའི་འགྱིང་ཉམས་བཅས་སྔར་བས་ཡོད་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱིས་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་ནན་པོ་བྱེད་ཅིང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་ཚུགས་དང་། རང་བདག། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོང་པ་དང་། རིག་གནས་མཉམ་འདྲེས་ཡོང་བར་སྐུལ་ཞིང་། བབ་བསྟུན་སྣེ་ཁྲིད་ལ་སྣང་ཆེན་བྱས་ཐོག་ཁྲིད་སྟོན་བྱེད་སྟངས་ལེགས་པ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་བ། ཁྲིད་སྟོན་ལ་ནུས་པ་ཐོན་པ་བྱས་ནས་ཆོས་ལུགས་ལས་དོན་གྱི་རང་དབང་དམ་དུ་གཟུང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ལ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ། ཆོས་དད་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཡིན་པའི་ཏང་སྲིད་ལས་བྱེད་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱ་དགོས། ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་སྡེ་ཚན་འབོར་ཅིག་གསོ་སྐྱོང་བྱེད་པ་དང་། བསམ་བློ་ཆབ་སྲིད་བརྟན་པོ་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་མཐའ་འཁྱོང་པ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་ཞིབ་འཇུག་དཔུང་ཁག་ཅིག་གསར་དུ་བཙུགས་ཏེ། དེ་ཚོས་རང་འགན་རང་འཁུར་དང་། སོ་སོའི་ཁྱད་ཡོན་ངོམ་པ། མཉམ་དུ་ནུས་པ་འདོན་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས།

    གྲོས་ཚོགས་སུ་ནན་པོར་བསྟན་དོན། ཆོས་ལུགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཆོས་ལུགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏང་དགོས། མཐིལ་ཚད་ཀྱི་བསམ་བློ་བརྟན་པོར་འཆང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། དྲ་བའི་མི་སྣ་གྲགས་ཅན་ལ་འབྲེལ་གཏུག་བྱེད་པའི་ཞབས་ཞུའི་ནང་སྲོལ་དོན་ཐོག་འཁྱོལ་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་འགོག་ར་བསྲུངས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོར་ནུས་ཤུགས་ཡོད་རྒུས་དོགས་ཟོན་དང་འདུམ་བསལ་བྱ་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག། ཐལ་སྐྱོད་གཏན་འགོག། སིམ་འཛུལ་འགོག་རྒོལ། ཉེས་གསོག་ལ་རྡུང་རྡེག་བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ཀྱི་ཟང་ཟིང་སྣང་ཚུལ་སྣ་ཚོགས་བཅོས་སྒྲིག་གོ་ཆོད་པོ་བྱས་ནས་ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་བསམ་བློ་སྤྱོད་མཁས་པོ་བྱེད་པ་དང་།  མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ་དེ་དགོན་སྡེར་དོ་དམ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་སློབ་གསོ་མུ་མཐུད་དེ་རྒྱ་ཁྱབ་ངང་སྤེལ་བ་དང་། མགོ་ཁྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བར་མཐུན་འབྲེལ་གྲོགས་སྒྲིག་གི་ནང་སྲོལ་འཐུས་ཚང་དུ་གཏོང་ཞིང་། འཐུས་ཚབ་མི་སྣའི་ཆབ་སྲིད་བཀོད་སྒྲིག་མུ་མཐུད་དེ་ཡག་པོ་བྱེད་པ་དང་། ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་བས་སྲ་རུ་ཡོང་བ་བྱ་དགོས། རྒྱུད་རིམ་ལྡན་པའི་སྒོ་ནས་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བརྟན་པོ་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་བརྩོན་ཡོང་བ་མཐའ་འཁྱོང་ཞིང་། སྤྱི་འདོམས་མཉམ་འགུལ་ཡོང་བར་ཤུགས་རྒྱག་པ་དང་། སེམས་ཁུར་དང་གཅེས་སྐྱོང་། དེ་བཞིན་དགོན་ཕན་གྲྭ་ཕན་གྱི་འབྲེལ་ཡོད་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་ཅིང་། རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་སྡེར་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུས་ཁེབས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་རྒན་རྒོན་དང་། ཉམ་ཞན། ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་གང་ཐུབ་ཐུབ་བྱེད་པ། གྲྭ་བཙུན་རྒྱ་ཆེན་རྣམས་ལ་མཉམ་སྐྱོང་མཉམ་གཅུན་གྱི་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱ་དགོས།

    གྲོས་ཚོགས་སུ་ནན་པོར་བསྟན་དོན། ཏང་གིས་ཆོས་ལུགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པ་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་དགོས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། རིམ་ཁག་ཏང་ཨུས་བྱེད་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་ཅིང་། འགན་འཁུར་བློ་མཐུན་གཙོ་བོའི་འགན་འཁྲི་དང་པོ་དོན་ཐོག་ནན་ལ་འཁྱོལ་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་སྒྲུབ་དང་གཡས་གཞོགས་གཡོན་འདེགས་ཡག་པོ་བྱེད་པ། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། ཏང་ཨུས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཉམ་རོགས། ཆོས་ལུགས་ཀྱིས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་གནས་བབ་ཅིག་ཆགས་པར་སྐུལ་འདེད་གཏང་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཏང་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཞན་ཆ་གསབ་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་མུ་མཐུད་དེ་དག་ཐེར་བྱེད་ཅིང་། གཞི་རིམ་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་། དོ་དམ་ནུས་པ། ཞབས་ཞུའི་ནུས་པ་བཅས་ཆེ་རུ་བཏང་ནས་ཆོས་ལུགས་ལས་དོན་སྐོར་གྱི་རྫོང་དང་། ཡུལ་ཤོག། གྲོང་ཚོ་བཅས“དྲ་བ་རིམ་པ་གསུམ”དང་ཡུལ་སྡེའི“འགན་འཁྲིའི་ལམ་ལུགས་རིམ་པ་གཉིས”དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། ལྟ་སྐུལ་ཁྲིད་སྟོན་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དགོན་སྡེའི་དོ་དམ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དེ་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ནང་དོན་གལ་ཆེན་དུ་བརྩི་བ་དང་། ཁུལ་དང་རྫོང་གི་སྐོར་ཞིབ་ལས་དོན་གྱི་ནང་དོན་དུ་དགོན་སྡེའི་དོ་དམ་ལས་དོན་བཙུད་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས།

    གྲོས་ཚོགས་སུ་ཁུལ་ཡོངས་ཀྱི་ཆོས་ལུགས་དོ་དམ་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་བྱས་པ་རེད།

    ཁུལ་ཨུའི་རྒྱུན་ཨུ་དང་། འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རྫོངགྲོང་ཁྱེརཁག་གི་ཏང་ཨུའི་ ཧྲུའུ་ཅི་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་མགོ་གཙོ་སོགས་གྲོས་ཚོགས་ལ་ཞུགས་པ་རེད།།



  • ལེ་ཚན་སྔོན་མ།:མཐོ་སྒང་གི་གླང་རྔ་ལ་བརྟེན་ནས་མི་སེར་གྱི་ཡོང་སྒོ་འཕར།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་ལ་རྟོག་ཞིབ་ཏུ་ཕེབས་པའི་དངོས་བྲིས།
  • དོ་སྣང་ཆེ་བའི་རྩོམ།