སྙིང་ཉེ།

རི་སྤྱང་།        2021-08-26

ངས་ཁྱོད་བར་སྣང་གི་སྤྲིན་

དཀར་ཞིག་ལ་སྒོམ་ཡོད།

ང་ལ་དྭངས་གཙང་གི་ཆར་རྒྱུན་

ཕབས་རོགས།

སྙིང་ཉེ།

ངས་ཁྱོད་ཤར་རིའི་ཕྲག་གི་ཟླ་བ་

ཞིག་ལ་སྒོམ་ཡོད།

མུན་ནག་གི་དུས་སུ་ང་ལ་

འོད་སྟོང་འཕྲོ་རོགས།

སྙིང་ཉེ།

ངས་ཁྱོད་སྔོ་ལྗང་གི་ལྗོན་ཤིང་ཞིག་ལ་

སྒོམ་ཡོད།

ང་ལ་བསིལ་འཇམ་གྱི་རེག་བྱ་

ཞིག་སྟེར་རོགས།

སྙིང་ཉེ།

ངས་ཁྱོད་སྙིང་ཉེ་བའི་མི་ཞིག་ལ་

སྒོམ་ཡོད།

ང་རང་སྐྱོ་བའི་དུས་སུ་

སེམས་གསོ་བྱེད་རོགས།  • ལེ་ཚན་སྔོན་མ།:ཨོ་ལོ་སྐར་མ་པ་སངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།