རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

        2021-08-25

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

གནས་རྡོ་འབོ་ཡུལ་འཁྱགས་ཀླུང་གི་ལམ་ཐིག་ནི་ཧ་ཅང་གསལ་པོ་ཡིན་ཞིང་། འཁྱགས་ཀླུང་དེ་ནི་དར་རྩེ་མདོའི་གངས་ཆུའི་ཆུ་མགོ་ཡིན་པར་བརྟེན། གངས་ཆུ་གྱེན་འདེད་བྱས་ནས་དར་མདོ་མདོ་གྲོང་གསར་དང་གཉའ་ལུང་མགོའི་གྲོང་སྡེ། ཆུ་གློག་ས་ཚུགས། དགུན་ཤུལ་ལྷས་ཐོག། གཉའ་ལུང་མགོའི་མཚལ་རྡོ་ལུང་། ཆུ་གཉིས་མདོ། བརྒྱ་ཟིལ་སྟོད་རྒྱུད་རི་བོ་ཆེ། བརྒྱ་ཟིལ་སྨད་རྒྱུད་རི་བོ་ཆེ། དེ་ལྟར་མུ་མཐུད་ནས་ཆུ་ཕྲན་འདེད་ནས་སོང་ན་གནས་རྡོ་འབོ་ཡུལ་གྱི་འཁྱགས་ཀླུང་མཚེའུ་ཡི་ཁར་སླེབས་པ་རེད།

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

ཡུལ་གྲུ་དེ་ག་ནི་རྐང་ཐང་དུ་ཡུལ་སྐོར་འགྲོ་རྒྱུར་དགའ་མཁན་ཚོས་ཧ་ཅང་དོ་ཁུར་བྱ་ཡུལ་ཡིན་ཞིང་། བཤད་སྲོལ་ལ་གནས་རྡོ་འབོ་ཡུལ(འབོ་ཞེས་པ་ནི་མི་ཉག་སྐད་དུ་རི་ལ་གོ་ལེ་རེད། ) བརྒྱ་ཟིལ་རི་བོ་ཆེ། ཨ་བདེ་རྒྱལ་པོ་ལ་སོགས་པའི་གངས་དཀར་སྐོར་བའི་རི་བོ་ཚང་མ་ནི་དར་མདོའི་མི་ཕལ་ཆེར་གྱིས་མི་ཤེས་ཀྱང་རྐང་ཐང་དུ་ཡུལ་སྐོར་འགྲོ་རྒྱུ་དགའ་མཁན་ཚོས་ཤེས་བཞིན་ཡོད་པ་རེད།

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།
རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

2011ལོའི་སྤྱི་ཟླ10པར། དེའི་སྐབས་སུ་རང་རྒྱལ་ལ་ཆེས་སྐད་གྲགས་ཡོད་མཁན་དང་ཆེས་ནུས་ལྡན་གྱི་རི་འཛེག་པ་ཡན་ཏུང་ཏུང་དང་ཀྲོའུ་ཕེང་གཉིས་ཀྱིས་རང་དབང་ངང་ནས་རྐང་ཐང་འགྲོ་ལམ་གསར་པ་ཞིག་བཏོད་ཡོད། མཉམ་ལས་ཆེས་ཡག་ཤོས་ཡིན་པའི་ཁོ་གཉིས་ཀྱིས་མུ་མཐུད་ནས་གནས་རྡོ་འབོ་ཡུལ་སོགས་ལ་འཛེག་ནས་ལོ་དེར་རི་འཛེག་ལས་རིགས་ཀྱི་ཆེས་མཐོའི་བསེ་རུའི་བྱ་དགའ་ཐོབ།

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།

མིག་སྔར་གནས་དེ་ནས་གངས་དཀར་དང་བརྒྱུད་དེ་གཞོན་ནུ་ལོ་ཆུང་གི་དབྱར་སྒར་བྱེད་སྒོ་དང་ཚན་རིག་རྟོག་ཞིབ། དེ་བཞིན་གནས་རྡོ་འབོ་ཡུལ་རི་འཛེག་བཅས་ནི་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཡུལ་དུ་གྱུར་ཡོད་པ་དང་། དར་མདོའི་རྒྱལ་སྤྱི་གཞོན་ནུའི་མགྲོན་ཁང་གིས་ཀྱང་དུས་གཏན་འཁེལ་མེད་པ་ཕྱི་རོལ་གྱི་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད་པ་རེད། ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་ཆབས་ཅིག ཡུལ་གྲུ་འདིར་ཐག་ཉེ་ས་ནས་གྲངས་འབོར་མང་བའི་ཧི་མ་ལ་ཡའི་གནའ་བའི་རིགས་རྒྱུད་ཀྱི་ཁྱུ་ཚོགས་དུས་རྒྱུན་མཐོང་རྒྱུ་ཡོད་པ་རེད། །

རྐང་ཐང་དུ་ཡུལ་སྐོར་འགྲོ་་ས་དར་རྩེ་མདོའི་གནས་རྡོ་འབོ་ཡུལ།



  • ལེ་ཚན་སྔོན་མ།:ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།