ཕ་ཡུལ་གྱི་རྣམ་པ་གསར་པ།

(བློ་བཟང་ཟླ་བ།)        2010-11-23

ཀ་རའི་ཉིང་ཁུ་ལས་ཀྱང་མངར་བའི་ཀུ་ཤུ་ཡི་ཕ་ཡུལ།།
ཁ་བ་ཅན་འདིར་སྙན་པའི་བ་དན་ཕྱོགས་བཞིར་རབ་ཏུ་གཡོ།།
ག་སར་གྲགས་པའི་གླུ་གཞས་རྒྱ་མཚོ་ཆེན་པོ་གང་ཞེ་ན།།
ང་ཡི་ཕ་ཡུལ་འབའ་ཐང་མཛེས་པའི་རྣམ་གསར་མདོ་ཙམ་ནི།།
ཅ་ལག་ཚོང་ཟོག་འདྲེན་པའི་གཞུང་ལམ་དོག་ལ་ཉེན་ཆེ་བ།།
ཆ་ཤས་ཙམ་མིན་དེང་རབས་འཕྲུལ་ཆ་བཟང་པོ་རྣམ་མང་གིས།།
ཇ་རྟའི་ལམ་ཪྙིང་སྲ་འཇམ་བདེ་སོགས་དགེ་མཚན་དང་ལྡན་བསྒྱུར།།
ཉ་མ་ཚོགས་བཞིན་ཕྱོགས་བཞིའི་སྐུ་མགྲོན་རྐང་དྲུག་སྦྲང་རྩི་ལྟར།།
ཏ་ལེ་བཀོད་སྒྲིག་ལེགས་པའི་ཁྲོམ་ལམ་ཆེན་པོ་ཀུན་གྱི་འགྲམ།།
ཐ་ན་ཆུ་འོག་ལ་ཡང་མཛེས་པའི་གློག་སྒྲོན་སྣ་ཚོགས་བཀྲ།།
ད་ལྟ་བྲོ་གཞས་འཁྲབ་པའི་གསེར་གྱི་བྲོ་ར་ཆེན་པོ་ནི།།
ན་ཚོད་རྒན་གཞོན་ཀུན་གྱི་དགའ་སྐྱིད་རྩེད་འཇོ་རོལ་བའི་གནས།།
པ་ཏ་མཛེས་ཤིང་གློག་སྟོབས་ཆེ་ཆུང་བསྒྱུར་བའི་དབང་ཉིད་ལས།།
ཕ་རོལ་ལྟ་མཁན་རྣམས་ཀྱང་ཧ་ལས་ཆུ་ཡི་ཟློས་གར་འདི།།
བ་དན་རླུང་བསྐྱོད་དཔེ་ཡིས་དོ་མིན་སྙན་འཇེབས་གླུ་དང་བཅས།།
མ་སྨད་གཟུགས་སྒྲ་ཡིད་ཀྱི་དབང་པོའི་བརྟན་པ་གཅིག་ཏུ་འཕྲོག།
ཙ་རེར་ལྷུང་ལྷུང་འབབ་པའི་འབའ་ཆུ་སྔོན་མོའི་ཐོག་ཏུ་ནི།།
ཚ་ཆུ་འགྲོ་ལམ་ཉེ་བའི་རིང་ཞིང་རྒྱ་ཆེའི་མཁའ་ཟམ་བཙུགས།།
ཛ་དྲག་དབུགས་མལ་གསོ་བའི་ཆུ་འགྲམ་བསྐོར་ལས་ཡངས་པའི་ཐོག།
ཝ་ཐུལ་གྱོན་པའི་བཞིན་བཟང་འགའ་ཞིག་བག་ཕེབས་གླེང་མོ་བྱེད།།
ཞ་ཉེའི་མདོག་ཅན་རང་བྱུང་ཕ་བོང་ཆེན་པོའི་ངོས་ཐོག་ལ།།
ཟ་འཕྲུག་ནད་རིགས་འཇོམས་པའི་ལྕང་མ་ཚ་ཆུ་ལ་སོགས་པ།།
  • ལེ་ཚན་སྔོན་མ།:གངས་རིའི་གཟི་མདངས།
  • ལེ་ཚན་རྗེས་མ།:རྒྱང་རིང་ལ་གཏད་པའི་སེམས་པ།