གངས་རིའི་གཟི་མདངས།

མཚོ་སྔོན་ཀོས་ནན།(བྱ་གཞུང་འབྲུག་ཐར་རྒྱལ།)        2010-11-16

གངས་དཀར་ལྷུན་པོའི་བཞིན་རས་དཀར་ཆེམ་ཆེམ།།
ནགས་རི་ཕྱུག་མོའི་ངོ་གདོང་འཛུམ་ཤིག་ཤིག།
སྤང་ལྗང་གཡུ་ཡི་མ󰭶ལ་སྔོ་ལྗང་ལྗང་།།
ཕ་ཡུལ་གངས་ལྗོངས་མཐོང་ན་དགའ་ལྷང་ལྷང་།།
 
དྭངས་གཙང་ཆུ་བོའི་བཞུར་རྒྱུན་འཇམ་ཤག་ཤག།
མཚོ་ཆེན་གཡུ་ཡི་མེ་ལོང་སྔོ་ལྟེམ་ལྟེམ།།
གཤོག་དྲུག་ཉ་མོ་སྤྲོ་དགས་གློག་འཁྱུག་འཁྱུག།
ཕ་ཡུལ་གངས་ལྗོངས་མཐོང་ན་དགའ་ལྷང་ལྷང་།།
 
ཅང་ཤེས་རྟ་མཆོག་འཚེར་སྐད་སྙན་སིང་སིང་།།
ཐུལ་དཀར་འབྲི་མོའི་རྩིད་པ་འཇོ་ལོ་ལོ།།
གཡང་དཀར་ལུག་གི་བལ་ཁ་དཀར་བང་བང་།།
ཕ་ཡུལ་གངས་ལྗོངས་མཐོང་ན་དགའ་ལྷང་ལྷང་།།
 
བཅུད་ལྡན་འོ་མའི་ཆབ་རྒྱུན་དཀར་ཤག་ཤག།
ཞིམ་མངར་འབྲི་མོའི་མར་ལོ་སེར་ལམ་ལམ།།
སྦྲང་དཀར་རྩམ་པའི་ཞིམ་མངར་འཐུལ་ལི་ལི།།
ཕ་ཡུལ་གངས་ལྗོངས་མཐོང་ན་དགའ་ལྷང་ལྷང་།།
 
གསེར་མདོག་ཉི་མའི་ཞལ་རས་དྲོད་འཇམ་འཇམ།།
བསིལ་ཟེར་ཟླ་བའི་འཛུམ་མདངས་གསལ་ནེམ་ནེམ།།
གངས་ལྗོངས་སྐྱིད་པའི་འཚོ་བ་བཅུད་ལྡན་ལྡན།།
ཕ་ཡུལ་གངས་ལྗོངས་མཐོང་ན་དགའ་ལྷང་ལྷང་།།
  • ལེ་ཚན་སྔོན་མ།:ཁྱེད་ཀྱི་མངའ་ཐང་།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་རྣམ་པ་གསར་པ།