ང་ཚོའི་འོས་འགན།
རྟ་མགྲིན་སྐྱབས 2011-05-19
དེང་སྐབས་ན་གཞོན་གང་མང་ཞིག་གིས་སྐད་རིགས་འདྲེས་མ་ཞིག་འཆད་ཤེས་ན་འཇོན་ཐང་ཅན་དུ་རྩི་བཞིན་ཡོད། སྤྱིར་ཡིན་ན་རང་མི་རིགས་ཀྱི་སྐད་ཡིག་དང་སྐད་ཆ། སྲོལ་རྒྱུན་རིག་གནས་སོགས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བཅས་བྱས་ན། རང་ཉིད་ཀྱིས་གདོང་དམར་བོད་པར་ཟས་རིན་ཙམ་འབུལ་ཐུབ་པར་གདོན་མི་ཟ་མོད། འོན་ཀྱང་ཕ་སྐད་མཁོ་མེད་དུ་སྨྲ་བ་རྣམས་ལ་བསམ་བློ་ལྡན་ཚུལ་དང་མིག་རྒྱང་རིང་ཚུལ་དུ་སྒོམ་པ་ནི་ང་ཚོའི་མི་རིགས་འདིའི་སྐྱོ་གར་རེད།
འཛམ་གླིང་གོ་ལའི་སྟེང་ན། བོད་ཡིག་ནི་ཕུལ་དུ་བྱུང་བའི་ཡིག་རིགས་སུ་ཐུན་མོང་ནས་བགྲང་བཞིན་ཡོད་ལ། གཞན་ལ་ངོམ་ཆོག་ཆོག་ཅིག་ཀྱང་ཡིན། མི་རིགས་གང་ཞིག་ཡིན་རུང་། རིག་གནས་ཀྱི་དཔལ་ཡོན་བསུ་དགོས་ན། ཐོག་མར་རང་གི་ཕ་སྐད་ལ་རག་ལས་པ་ཡིན་པས། རང་གི་སྐད་རིགས་ལ་མཁས་ཤིང་གཞན་གྱི་སྐད་རིགས་ཤེས་མཁན་ཞིག་ཡིན་ན། ད་གཟོད་རང་ཉིད་ལ་ང་རྒྱལ་ཙམ་སྐྱེས་ཆོག་གོ །དེའི་རྐྱེན་གྱིས་ང་ཚོས་ཆུང་དུས་ནས་རང་རིགས་ཀྱི་སྐད་དང་ཡི་གེ་འདི་བྱང་ཆུབ་པ་ཞིག་སྦྱངས་ཏེ་མེས་པོ་གོང་མ་དག་གི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་ནི་མི་རབས་འདིའི་འགན་ཁུར་ཡིན་ལ་འོས་འགན་ཡང་ཡིན།