དྲན་གདུང་གི་ན་ཟུག

དོན་འགྲུབ་དབང་རྒྱལ་གྱིས།        2011-03-10

  དོ་ནུབ། ངས་ཐ་མག་རྐང་གཅིག་ལ་མེ་སྒྲོན་རྗེས། དུ་སྨུག་གི་ཀློང་ནས་དངན་པ་རིང་པོ་ཞིག་དང་མཉམ་དུ། ཁྱོད་ཀྱི་བཞིན་རས་དང་གཅེས་མིང་དེ། ངག་ནས་ཡང་བསྐྱར་བསྐྱར་ཟློས་དང་ཕྱིར་དྲན་ཞིག་བྱ་དགོས་བྱུང་སོང་།
     ཨེ་མ། མཐོ་ཚད་སྨི་བཞི་སྟོང་ལྷག་གི་རྫ་ཆུ་ཁའི་ཡུལ་གྲུ་འདི་ནས། དགུན་དུས་གནམ་གཤིས་ཅི་འདྲའི་འཁྱག་ནའང་། ཁྱོད་ཀྱིས་བསྐུར་བའི་འཕྲིན་ཐུང་རེ་རེས། ངའི་ཤ་གསེང་ནས་རུས་གསེང་བར་ལ། དྲོད་ལམ་ལམ་གྱི་སེམས་གསོའི་ལེགས་སྐྱེས་ཤིག་ཡིད་ཀྱི་དྲོད་ཁོལ་གསོ་བའི་གསོས་སུ་ཕུལ་བྱུང་།
     ངོ་མ། འཇིག་རྟེན་ཁ་དཔེ་ལའང་། ས་ཁ་ཐག་ཅི་འདྲའི་རིང་ནའང་། སེམས་ཁ་ཐག་མ་རིང་ན། རོགས་ཀྱི་བརྩེ་འདང་ཟེར་བ་དེ་ཡིན་ཞེས་བཤད་སྲོལ་ཡོད་པས། ངས་ཀྱང་འདི་ནས་སྙན་ངག་གི་མཆོད་པ་ཞིག་ལྷ་དཀོན་མཆོག་གསུམ་ལ་ཞུ་རྟེན་དུ་ཕུལ་ནས། འུ་གཉིས་ཀྱི་ཞེ་འདང་དབྱར་ཁའི་མཚོ་མོ་ལ་འགྲན་པར་སྨོན་འདུན་ཞུ་བཞིན་ཡོད་པས། ཁྱོད་ཀྱིས་ཀྱང་དེ་ལྟར་བསམ་རོགས།
  • ལེ་ཚན་སྔོན་མ།:མེ་ཏོག་གངས་ལྷ།
  • ལེ་ཚན་རྗེས་མ།:སྤྲིན་ལ་བསྐུར་པའི་སྙིང་གཏམ །