དགེ་རྒན་གྱི་དུས་ཆེན་ལ་བསྟོད་པ།
གདུགས་དཀར་སྐྱིད། 2016-09-12
ཁྱེད་ནི་འཛམ་གླིང་གོ་ལ་ཧྲིལ་བོ་འདིར་དྲོད་ཁོལ་སྦྱིན་པའི་གསེར་མདོག་གི་ཉི་མ་དང་འདྲ་ལ། ཁྱེད་ཀྱི་གསུང་བཤད་ཀྱི་ཚིག་རྐང་རེ་རེ་ནི་འཁྲུལ་བ་མེད་པའི་ལེགས་བཤད་ཅིག་དང་འདྲ་བས་ང་ཚོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་དམ་པོར་འཛིན་ཡོད། ད་དུང་ཁྱེད་ཀྱིི་བྱམས་བརྩེ་རི་རབ་ལས་ཀྱང་མཐོ་ལ་སྙིང་རྗེ་རྒྱ་མཚོ་ལས་ཀྱང་ཟབ་པས་བརྩེ་ལྡན་གྱི་ཕ་མ་དང་ཀུན་ནས་མཚུངས་པ་ཡིན།
དགེ་རྒན་ཁྱེད་ཀྱི་ཐུགས་སེམས་ནི་ཅི་འདྲའི་དྭངས་ཤིང་གཙང་བ་ལ་ཨང་། ཁྱེད་ཀྱི་ཉམས་འགྱུར་ལས་ང་ཚོར་ཁྱོད་ཚོས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་ན་ནམ་ཉི་མ་ཞིག་ལ་ཁྱོད་ཚོ་ལ་གླག་ཕྲུག་གི་གཤོག་པ་ཐོགས་པ་བཞིན་གཤོག་པ་ཞིག་ཐོགས་ཁོ་ཐག་ཡིན་ཟེར། དགེ་རྒན་གྱི་དྲིན་ལན་ནི་བསྐལ་བ་སྟོང་ཕྲག་གི་རིང་ལའང་འཇལ་མི་ཐུབ་པས་སློབ་མ་རྣམས་ཀྱིས་དགེ་རྒན་ལ་བརྩི་བཀུར་བྱ་དགོས་པ་ཆེས་ཐོག་མའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། དགེ་རྒན་གྱིས་ང་ཚོར་ཀ་ཞེས་པའི་ཡི་གེ་འདི་ཁྲིད་མ་ཐག གློ་བུར་དུ་ངའི་སེམས་སུ་བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད་ཅེས་པའི་ཚིག་རྐང་འདི་གཉིས་དྲན་བྱུང་ངོ་།། དགེ་རྒན་ལགས། ཁྱེད་ཀྱི་བཀའ་དྲིན་ནམ་མཁའ་ལས་ཀྱང་མཐོ་བ་དང་ཁྱེད་ཀྱི་དུས་ཆེན་ནི་དེ་ལས་ཀྱང་གལ་ཆེ་བས་ངས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ།
ཨེ་མ། དགེ་རྒན་གྱི་བཀའ་དྲིན་ནི་རི་རབ་ལས་ཀྱང་མཐོ་ཞིང་དགེ་རྒན་གྱིས་ང་ཚོར་བཅོལ་བའི་བྱམས་བརྩེ་དང་སྙིང་རྗེ་སོགས་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་། དགེ་རྒན་གྱི་མཛད་རྗེས་ནི་ཇི་འདྲའི་བརྗོད་དཀའ་བ་ཞིག་རེད་ཨང་། ངས་དེ་རིང་དགེ་རྒན་གྱི་དུས་ཆེན་ལ་ཆེད་དུ་རྟེན་འབྲེལ་ཞུའོ། །