སྙན་ངག་གི་ལམ་ཕྲན།

སད་མི།        2020-12-11

མི་ལོ་བཞིའི་ལམ་ཕྲན་ལ་ཕྱིར་བལྟས་ཤིག་བཟོས་ཤིང་མི་ལོ་བཞིའི་འགྱུར་བ་ལའང་ཕྱིར་བལྟས་ཤིག་བཟོས་ཟིན། མི་ལོ་བཞི་ལ་རྩོམ་འབྲིའི་ལམ་བུར་ཞུགས་ཟིན་འདུག་ཅིང་མ་འོངས་པར་ཡང་སྤྲིན་དཀར་རྒྱུ་ཚུལ་དང་། རླུང་བུ་གཡུག་ཚུལ་ལ་བསམ་གཞིག་བྱ་རྒྱུ་ཡིན་པར་ཆགས་འདུག དེ་ལྟར་ནའང་། སྤྲིན་དཀར་གྱི་ན་བུན་དང་། རླུང་བུ་གཡུག་སྟངས་ལྟ་བུས་ཁྱོད་ལ་ཤ་ཞེན་དང་ལ་རྒྱ་མཚོན་ཐུབ་བམ་ཞེ་ན། ཅི་ཡང་མི་ཐུབ་མོད། འོན་ཏང་། དེ་དག་ཀྱང་བདག་གི་བུ་ཕྲུག་དངོས་མ་ཞིག་གི་འདང་བཞག་ཚར་སོང་བ་རེད།

དྲན་མ་མྱོང་བ་ཞིག་ལ། ལོ་ཟླ་འདི་དག་གི་དུས་ཚོད་ཐམས་ཅད། མྱ་ངན་གྱི་ལོ་མ་རླུང་གིས་གཟེད་ནས་འདུག་ལ། སྐྱོ་གདུང་གི་དྲན་པ་སེམས་སུ་ཟགས་ནས་འདུག དེ་ནི་འགྱོད་གདུང་གི་མེ་ཏོག་སྨིན་པས་རེད་དམ། ང་རྒྱལ་གྱི་རི་བོ་འབུར་བཞིན་པས་རེད། གང་ལྟར། ཕྱིར་མིག་གི་མུ་ཏིག་ཐོར་སོང་ལ། དྲན་ངོས་ཀྱི་རི་མོའང་མོག་མོག་ཏུ་གྱུར་སོང་།

སྙན་ངག་ནི་ཁོ་ཧྥེ་ཕོར་གང་ཧུབ་པ་ལྟ་བུ་ཞིག་མ་རེད། མི་ཚེ་ཧྲིལ་པོ་ཁྱོད་ལ་དགའ་བ་ལྟ་བུ་ཞིག་ཀྱང་མ་རེད། ཁུ་སིམ་མེར། ལྷོག་ཅག་གེར། སྟོང་སངས་སངས་ཀྱི་མཚན་ངོགས་ཤིག་ནས། དྲན་པ་བོར་སོང་བ་ལྟར། ཁོག་པའི་ནང་སྙིང་གས་སོང་བ་ལྟར། རྒྱུ་མཚན་མེད་ཀྱང་སུ་ཞིག་གི་ཆེད་དུ་འཆི་དགོས་པ་ལྟར། སྙན་ངག་གི་སྙིང་བོ་འཚོལ་དགོས་པར་འདུག་སྙམ་ན། ང་ལ་སྙན་ངག་པས་ཀླད་ཀོར་ཅན་གྱི་གཤིས་ཀ་འདུག་ཅེས་བཤད་སྲིད།

དེ་ཡང་ལོས་སྲིད་དེ། དམུས་ལོང་གི་རི་གྲོང་འདི་ན། མུ་གེ་ཡི་གྲུ་ཁ་འདི་ན། སྔོ་ལྗང་གིས་གྲུབ་པའི་རྩྭ་རྩི་ཏོག་མང་དུ་ཡོད་པས། སྨུག་ལང་ལོང་གིས་བཏུམ་པའི་འཇའ་འོད་རེ་ཟུང་ཡོད་པས། ཁྱོད་ལ་སྡོད་མི་ཚུགས་པའི་ཟུར་ཟའི་འཇིག་རྟེན་མང་དུ་གྲུབ་པ་དང་། ད་དུང་།

  • ལེ་ཚན་སྔོན་མ།:​སྟོན་མཇུག་གི་ལས་འཕྲོ།
  • ལེ་ཚན་རྗེས་མ།:ཡུལ་གྱི་མི།