མཐུན་སྒྲིལ།

ཆོས་མཚོ་ལྷ་མོ།        2017-09-29

     བཤེས་གཉེན་ལགས། བློ་རྨོངས་ཀྱི་མུན་པ་འཐིབས་པའི་ཡུལ་ཁམས་འདིར། བློ་གྲོས་ཀྱི་ལྡེ་མིག་ཐོག་མ་ཁྱེད་ཀྱིས་སྦྱིན་པ་དང་། ཤེས་བྱའི་སྒྲོན་མེ་གསར་བའང་ཁྱེད་ཀྱིས་བསྩལ། ཁྱེད་ཀྱི་གཞན་ཕན་ལྷག་བསམ་གྱི་ཟེགས་མ་ལ་གཡོ་བ་མེད་ཅིང་། སྤོབས་པ་དང་རེ་སྨོན་ལ་དེ་བས་ཀྱང་ཟད་པ་མེད། དེའི་ཕྱིར། ང་ཚོ་ཁྱེད་ལ་དད་ཅིང་།  ཁྱེད་ལ་དགའ། དེ་བཞིན་ང་ཚོ་སློབ་མ་ཞིག་ལ་མཚོན་ན། གཙོ་བོ་ནི་ཤེས་རིག་ཡོན་ཏན་སྦྱང་པར་འབད་བརྩོན་དང་། སློབ་གྲོགས་དང་མི་རིགས་བར་མཐུན་སྒྲིལ་བྱ་དགོས།

     མཐུན་སྒྲིལ་ནི་མི་རིགས་སོ་སོའི་མིག་སྔར་འགྱུར་མེད་ཀྱི་ལས་འགན་གཙོ་བོ་ཞིག་ཡིན་ལ། མཐུན་སྒྲིལ་གྱིས་ཡ། མཐུན་སྒྲིལ་གྱིས་ཡ། མདོ་དབུས་ཁམས་ཀྱི་སྤུན་ཟླ་རྣམས་ཞེས་གླུ་བ་ཤེར་བསྟན་གྱིས་སེམས་གཏིང་གི་འདུན་པ་སྦས་མེད་ཐད་ཀ་སྟོན་པ་འདི་ཡིད་འགུལ་ཐེབས་པ་ཞིག་མ་ཡིན་ནམ། དེར་བརྟེན། སློབ་གྲོགས་ཚོ། མཐུན་སྒྲིལ་གྱི་ལམ་བཟང་བསྐྲུན་ནས་མདུན་སྐྱོད་ཀྱི་གོམ་པ་མཉམ་སྤོས་བྱེད་དགོས།  ང་ཚོ་ནི་དུས་རབས་གསར་པའི་ཕོ་ཉ་དང་།  མ་འོངས་གངས་ཅན་གྱི་བདག་པོ་ཡིན་པས། མཐུན་སྒྲིལ་ནི་ང་ཚོའི་འགྱུར་མེད་ཀྱི་དམིགས་ཡུལ་ཡིན་ལ་ལས་འགན་ཡང་ཡིན་ནོ།

     དེའི་ཕྱིར། ང་ཚོས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ན་ད་གཟོད་བྱ་བ་ལེགས་པོར་འགྲུབ་པའི་གནས་ལུགས་རྟོགས་དགོས། འཇིག་རྟེན་གྱི་གཏམ་དཔེ་ལ་མི་གཅིག་གིས་དཔུང་མི་ཉན། ཤིང་གཅིག་གིས་མེ་མི་འབར་ཟེར་བ་ལྟར། མི་རིགས་བར་གྱི་མཐུན་སྒྲིལ་བཟང་ན་ད་གཟོད་རྒྱལ་ཁབ་དར་ཞིང་རྒྱས་པ་དང་། འཛམ་གླིང་གཞི་ཞིང་འཇགས་པར་བྱུང་ངོ་།


  • ལེ་ཚན་སྔོན་མ།:ལྷག་བསམ་གྱི་འོད་ཀོར། དགེ་རྒན།
  • ལེ་ཚན་རྗེས་མ།:ས་སྒང་རིལ་མོར་དུངས་ཞེན་མཛོད།