འགན་འཁྲི་དང་གུས་སེམས་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།

སྐལ་ཐུབ།        2017-07-03

      གུང་གོ་གུང་ཁྲན་ཏང་འཁྲུངས་ནས་ད་བར་དུ་འོད་སྟོང་འཕྲོས་པའི་ལོ་ངོ96བརྒྱུད་པ་རེད། ལོ་ངོ་གོ་དྲུག་གི་རིང་ལ། རང་རེའི་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་སྣེ་ཁྲིད་བྱས་ཏེ་སྔོན་འགྱེལ་རྗེས་མཐུད་དང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པས་དཀའ་སྤྱད་འབད་བརྩོན་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་བཅས་དོན་ཆེན་གསུམ་ལེགས་གྲུབ་བྱུང་བར་མ་ཟད། སྐུལ་འདེད་ཤུགས་ཆེན་ཡང་གཏོང་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག ལམ་ལུགས་བཅས་བཙུགས་ཤིང་ཆགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ཡང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཆུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ཀྱི་འདོད་བློ་དང་ཡོངས་སུ་བསྟུན་ཞིང་། ནང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་བསྐྱངས་ཤིང་། གཅོང་ནད་ལ་སྨན་ཆེན་སྤྱད་པ་དང་དུག་ཆེན་རུས་ནས་འབྱིན་པ། དཔའ་བོས་རང་ལག་གཅོད་ཕོད་པའི་ཆོད་སེམས་དང་སྤོབས་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ཤུགས་ཆེན་བརྒྱབ་པར་བརྟེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྔར་ལས་ཇེ་ཆེར་སོང་བ་དང་། འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་མངོན་གསལ་དོད་ཐུབ་ཡོད་ཅིང་། སྲིད་འཛིན་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ཡོད།

      རང་ཁུལ་ལ་མཚོན་ན། འདས་པའི་ལོ་ལྔ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཆེས་མྱུར་བ་དང་ཞིང་འབྲོག་ལ་དངོས་ཕན་ཐོབ་ཚད་ཆེས་ཆེ་ཤོས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེས་ཆེ་ཤོས་བཅས་ཡིན་པའི་འབད་འཐབ་གསར་སྐྲུན་གྱི་ལོ་ལྔ་ཡིན་པ་རེད། ཁུལ་ཨུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཡུལ་གཅིག་ལ་གཞིགས་པ་དང་། དབུལ་སྐྱོར་འགག་སྒྲོལ་དང་ཡུན་རིང་བདེ་འགོད་ཡོང་བའི་འགག་རྩ་གཉིས་དང་།  འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་དམིགས་སུ་ཐོན་པ་བྱེད་ཅིང་། དབུལ་སྐྱོར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུག འགྲིམ་འགྲུལ་སྔོན་སྤེལ།  གྲོང་ཡུལ་རིམ་སྤོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་རྒྱུའི་ཐད་བྱས་རྗེས་ཆེན་པོ་བཞག་དང་འཇོག་བཞིན་ཡོད།

     མ་འོངས་པར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབ་དགོས་ན་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིམ་བྱེད་པར་རག་ལས་ཤིང་། ཡང་སྒོས་སུ་ཏང་ཡོན་འགོ་ཁྲིད་དང་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་ཤུགས་ཆེན་འདོན་ཞིང་། དོན་གཉེར་འགག་སྒྲོལ་ལ་དང་དོད་ཆེ་བ་དང་འགན་འཁྲི་ཁུར་ཕོད་ཅིང་ལས་ཀ་སྒྲུབ་ཕོད་པ། ལས་ཀའི་གཙོ་ཤུགས་གཞི་རིམ་ལ་ཕྱོགས་པ། ཐོག་མའི་བསམ་འདུན་མི་བརྗེད་པ་བཅས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱང་སྐྱོད་ཀྱི་འགྲོ་ལམ་གསར་པ་བསྐྲུན་དགོས་སོ།།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་འགྱུར་ལྡོག་ལ་སེམས་ཕམ་པའི་གཏམ།
  • ལེ་ཚན་རྗེས་མ།:ངས་ནམ་ཡང་བརྗེད་མི་སྲིད།