བྱམས་ལྡན་ཕ་ལོ།

དགེ་འདུན་མཚོ།        2017-06-19

      འཇིག་རྟེན་མི་ཡི་གཏམ་དཔེ་ལཚེ་མི་རྟག་རླུང་ཁའི་མར་མེ། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བཞེས་པའི་དཔེ་ལྟར། གྲང་རླུང་འུར་འུར་དུ་ལྡང་ཞིང་ཁ་བ་བུ་ཡུག་འཚུབ་པའི་དགུན་གཞུང་གི་མཚན་མོ་ཞིག་ལ། བདག་གི་བྱམས་ལྡན་ཕ་ལོ་རླུང་ནག་འཚུབ་མ་ཞིག་དང་འདྲ་བར་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་སོང་།

      ཁོ་རང་སྐྱ་ཤིག་ཤིག་གི་ཚེ་སྲོག་ལས་བྲལ་ཏེ་བེམ་པོ་ཞིག་ཏུ་གྱུར་བའི་ཉིན་དེ་ནས་བཟུང་། འཇིག་རྟེན་འདིའི་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ཀྱང་ངེད་མ་བུ་ཚོར་སྙིང་རྗེ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཏེ་སེམས་གསོ་བྱེད་གིན་འདུག

བྱམས་ལྡན་གྱི་དྲིན་ཆེན་ཕ་ལོ་ལགས། ཁྱེད་ཀྱིས་རྒྱུས་མེད་ཀྱི་འཇིག་རྟེན་དེ་རུ་བདེ་སྐྱིད་ཀྱིས་འཚོ་བ་རོལ་བཞིན་ཡོད་དམ་ཡང་ན་སྡུག་བསྔལ་གྱི་འཚོ་བ་རོལ་བཞིན་ཡོད། རེད་ཡ། ཁྱེད་ཀྱིས་གནས་དེ་ན་བདེ་སྐྱིད་ཀྱིས་འཚོ་བ་རོལ་བཞིན་ཡོད་པ་བུ་མོ་ང་ལ་ཡིད་ཆེས་ཡོད། རྒྱུ་མཚན་ནི་ཁྱེད་རང་འཇིག་རྟེན་ན་ཡོད་དུས་གཞན་ཕན་གྱི་ལྷག་བསམ་ཀུན་ནས་མངའ་ཞིང་། གཞན་དོན་དུ་རང་བློས་གཏོང་ཕོད་པའི་རྒྱུ་མཚན་གྱིས་ཕྱིར།

      བདེ་བར་བཞུད་ཅིག ཕ་ལོ་ལགས། བདག་གི་མ་ལོའི་བྱམས་བརྩེ་ཟླ་བ་བཞིན་གསལ་ཞིང་། ནང་སློབ་མའི་མིག་ཟུང་རྒྱུ་སྐར་ལྟར་གཡོ་བཞིན་ང་ལ་རྒྱབ་སྐྱོར་དང་རོགས་རམ་གང་མང་ཞིག་གནང་དང་གནང་བཞིན་ཡོད་པས། སེམས་ངལ་མེད་པར་ཞུ། ཕ་ལོ་ལགས།

རྒྱུས་མེད་ཀྱི་འཇིག་རྟེན་དེ་ནས་ཁྱེད་རང་སྔར་བཞིན་འཛུམ་མདངས་ཀྱིས་ཕྱིར་མི་ཡུལ་ལ་ཕེབས་ཤོག་དང་།  བུ་མོ་ངས་མི་འགྱངས་བར་ཤེས་རིག་སྡིངས་ཀ་འདི་ནས་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར།  མཐའ་མཇུག་གི་རྒྱལ་ཁ་གཡུར་དུ་ཟ་བ་ཞིག་བླངས་ཏེ།  དྲིན་མ་ལོ་སེམས་ཀྱིས་སྐྱོངས་ངེས།  ཕ་ལོ་ལགས་་་་་་་་


  • ལེ་ཚན་སྔོན་མ།:ང་དང་ངའི་སློབ་གསོ།
  • ལེ་ཚན་རྗེས་མ།:སའི་གོ་ལའི་སེམས་འཕྲིན།