གནའ་རབས་ཀྱི་དཔེ་ཆ།

ཉི་མ་རྡོ་རྗེས་བསྒྱུར།        2018-12-10

    ད་སྐབས་ང་ཚོས་ཀློག་བཞིན་པའི་དཔེ་ཆ་ནི་ཤོག་བུའི་ངོས་སུ་དཔར་ནས་དེབ་རེ་རེར་བསྒྲིགས་ཡོད་པ་ཞིག་རེད། འོ་ན་གནའ་རབས་ཀྱི་དཔེ་ཆ་དེ་གང་འདྲ་ཞིག་ཡིན་ཟེར་ན། རང་རྒྱལ་གྱི་ཆེས་སྔ་བའི་ཡི་གེ་ལ་རུས་བརྐོས་ཡི་གེ་ཞེས་ཟེར། དེ་ནི་ཡིག་འབྲུ་དེ་རུས་སྦལ་གྱི་ཤུན་ལྤགས་སམ་རི་དྭགས་ཀྱི་རུས་པའི་ཐོག་བརྐོས་པ་དེ་རེད། 

    འདིའི་རིགས་ཀྱི་ཡི་གེ་དེ་བེད་སྤྱོད་བྱེད་པའི་དུས་ཚོད་ནི་ཡཱེང་ཧྲང་དུས་རབས་ལ་ཡིན་ཞིང་། འདི་ནས་དའི་བར་ལོ་སུམ་སྟོང་ལྷག་ཙམ་འདས་ཚར། ཀྲོའུ་རྒྱལ་རབས་ལ་ཐང་གི་དཔེ་ཆ་དང་རྡོའི་དཔེ་ཆ་ཡོད་པ་སྟེ། རྒྱལ་ཁབ་ཀྱི་དོན་ཆེན་དང་གལ་ཆེ་བའི་རྩོམ་ཡིག་དེ་ཐང་གི་འཕྲུལ་ཆས་ཐོག་བླུགས་ནས་དཔར་བ་དེ་ལ་ཐང་གི་དཔེ་ཆ་ཟེར། རྡོ་ཐོག་བརྐོས་པའི་ཡི་གེ་ལ་རྡོའི་དཔེ་ཆ་ཟེར། ཞི་ཨན་གྲོང་ཁྱེར་ནང་རྡོ་རིང་གི་ནགས་ཀླུང་ཞིག་ཡོད་པ་དེ་ཚང་མ་རྡོ་རིང་རེ་རེ་རེད། དེ་འདྲ་ཞིག་ནི་དཔེ་ཆ་ཆ་གཅིག་རེད། དེ་ལ་རི་མོའང་ཡོད་སྟབས་དེང་སང་གི་དཔེ་ཆ་དང་འདྲ་པོ་ཡོད་པ་རེད།

    ཁྲུན་ཆུན་དང་ཀྲན་གོ་དུས་རབས་སུ་ཀློག་པའི་ཡི་གེ་ལ་སྨྱུག་ལེབ་དཔེ་ཆ་ཞེས་ཟེར། དེ་ནི་རྩོམ་ཡིག་སྨྱུག་མའམ་ཤིང་གི་ལེབ་ཐོག་བྲིས་ནས་གྲུབ་པ་ཞིག་རེད། མི་རིང་བའི་སྔོན་ལ། ཧྲན་ཏུང་ས་ཁུལ་ཞིག་ལ་སུན་པིན་གྱིས་བྲིས་པའི་དམག་ཇུས་ཀྱི་དཔེ་ཆ་ཞིག་བྱུང་བ་དེ་ནི་སྨྱུག་ཤིང་ལེབ་མོར་བྲིས་པ་ཞིག་རེད། སྨྱུག་རྐང་གཅིག་གི་འགོར་ཡི་གེ་བཅུ་ཤས་འབྲི་ཐུབ་ཀྱིན་ཡོད། དེས་ན་དཔེ་ཆ་གཅིག་ལ་སྨྱུག་ལེབ་མང་པོ་དགོས་ཀྱིན་ཡོད། སྨྱུག་ལེབ་དེ་དག་རྒྱུད་སྐུད་ཀྱིས་མཉམ་པོར་སྦྲེལ་ཡོད་སྟབས་དེ་ལ་རྒྱ་སྐད་ཀྱི་"册"ཟེར་གྱིན་ཡོད། ཁྱོད་ཀྱིས་ལྟོས་དང་། འདིའི་"册"དེ་སྨྱུག་ལེབ་གཉིས་མཉམ་དུ་གཤིབ་ནས་སྦྲེལ་ཡོད་པ་དང་མི་འདྲའམ། སྙོམས་པོར་གཤག་པའི་ཤིང་ལེབ་ཀྱི་དེབ་བྱེད་པར་དེ་ལ་ཤིང་ལེབ་དཔེ་ཆ་ཞེས་ཟེར། གནའ་རབས་ཀྱི་ས་ཁྲ་དེའང་ཤིང་ལེབ་ཐོག་འབྲི་བ་ཞིག་རེད། དེའི་ཕྱིར་ཤིང་ལེབ་རི་མོའང་ཟེར། འདི་འདྲའི་ཡི་གེ་དེ་ཐང་དང་རྡོའི་ཡི་གེ་དང་བསྡུར་ན་མདུན་སྐྱོད་མངོན་གསལ་ཅན་ཐོབ་ཡོད། འོན་ཀྱང་ད་དུང་ཧ་ཅང་ལྗིད་པོ་ཡོད་པ་དང་ས་རྒྱ་ཆེ་ཙམ་འཛིན་གྱིན་ཡོད་པ་རེད། མི་ཞིག་ལ་ཡོན་ཏན་ལེགས་པོ་ཞིག་ཡོད་ན་ཀློག་པའི་དཔེ་ཆ་ཧ་ཅང་མང་བས་རྟ་འཐེན་འཁོར་ལོ་བདུན་མེད་ན་ཆུད་ཀྱིན་མེད། བཤད་སྲོལ་ལ་ཆིན་ཧྲི་ཧྥང་གིས་ཉིན་རེར་བལྟས་པའི་ཡིག་ཆ་ལ་རྒྱ་མ་གཉིས་སམ་སུམ་བརྒྱ་ཡོད་པར་བཤད། འདིའི་སྨྱུག་ལེབ་དང་ཤིང་ལེབ་ཀྱིས་བཟོས་པའི་ཡི་གེ་དེ་ང་ཚོའི་རྒྱལ་ཁབ་ནང་ལོ་བརྒྱ་ཚོ་ཁ་ཤས་ཀྱི་དུས་ཚོད་ནང་བེད་སྤྱོད་བྱས་ཡོད་པ་རེད།

    རང་རྒྱལ་ལ་དར་གོས་བྱུང་རྗེས། མི་རེ་འགས་དཔེ་ཆ་དེ་དར་གྱི་སྟེང་དུ་བྲིས། དེ་ལ་དར་སེང་དཔེ་ཆ་ཞེས་ཟེར། དར་སེང་དཔེ་ཆ་དེ་སྨྱུག་ལེབ་དང་ཤིང་ལེབ་དཔེ་ཆ་ལས་ཧ་ཅང་གིས་ཡང་ནའང་རིན་གོང་ཧ་ཅང་མཐོན་པོ་ཡོད་པས་རྒྱལ་པོ་མ་གཏོགས་བེད་སྤྱོད་བྱེད་ཐུབ་ཀྱིན་མེད།

    ཧན་རྒྱལ་རབས་ཀྱི་སྐབས་སུ་ཤོག་བུ་བཟོས་པའི་ལག་རྩལ་གསར་གཏོད་བྱས། དེའི་སྐབས་འགོ་བཙུགས་ནས་ཤོག་བུའི་དཔེ་ཆ་ཡོད་པ་རེད། དེ་ནི་སྟབས་བདེ་བ་དང་བབ་དང་བསྟུན་པ་ཞིག་ཡིན། དེའི་ཕྱིར་ཤོག་བུ་བཟོ་བའི་ལག་རྩལ་ནི་ཀྲུང་གོའི་མིས་འཛམ་གླིང་ལ་བཞག་པའི་བྱས་རྗེས་ཆེན་པོ་ཞིག་རེད། ཐང་རྒྱལ་རབས་ཀྱི་སྐབས་སུ་རང་རྒྱལ་གྱིས་ཡང་དཔར་རྒྱག་ལག་རྩལ་དེ་གསར་གཏོད་བྱས། དཔེ་ཆའི་བརྗོད་བྱ་ཤིང་ལེབ་འགོར་བརྐོས་ནས་དཔར་རྒྱག་ཐབས་བྱས་པས་ཤིང་ལེབ་ངོས་གཅིག་དེ་ཐེངས་མ་བརྒྱའམ་སྟོང་ཕྲག་ཙམ་ལ་དཔར་ཆོག་པ་དང་། དཔེ་ཆ་དེ་དང་ད་ལྟའི་དཔེ་ཆ་དང་འདྲ་བ་རེད། སུང་རྒྱལ་རབས་ལ་སླེབས་དུས། མཚན་ལ་པེང་ཧྲེང་ཞེས་པ་དེས་ཡང་བསྐྱར་ཡིག་འབྲུ་སྒྲིག་པའི་པར་རྒྱག་ཐབས་གསར་གཏོད་བྱས་པར་ཡི་གེ་དཔར་རྒྱུར་སྟབས་བདེ་པོ་བྱུང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཟོལ་མེད་སྙིང་ན་འཛུམ་པའི་རི་མོ།
  • ལེ་ཚན་རྗེས་མ།:ང་རང་ཆེས་སྐྲག་ས་ནི་དུས་ཚོད་ཀྱི་ཐག་སྒྲ་རེད།