བཀྲ་ཤིས་སྟོབས་རྒྱས་ཀྱིས་བསྒྱུར། 2018-05-03
ཕྱི་རྒྱལ་གྱི་གྲོགས་པོ་ཞིག་རང་གི་ཨ་མའི་འདས་མཆོད་ལ་ཞུགས།ཁོ་ཡོང་རྒྱུ་འཕྱི་བས་སྤུན་ཟླ་ཚོས་ཁྱིམ་གྱི་ཅ་ལག་དག་བགོས་ཚར་འདུག
གྲོགས་པོས་ང་ལ་བཤད་རྒྱུར།ང་ཕ་ཡུལ་དུ་མ་འབྱོར་བའི་སྔོན་དུ། ཁྱིམ་གྱི་ཅ་ལག་ཚང་མ་སྤུན་ཟླ་ཚོས་བགོས་ཚར་འདུག ཁོ་ཚོས་ང་ལ་དངོས་པོ་གཅིག་ཀྱང་བཞག་མི་འདུག ཁོ་ཚོས་ང་ལ་བཞག་ཡོད་པ་ནི་ང་ཚོ་གཅིག་པུ་ལ་དབང་བའི་ཨ་མ་ལགས་ཡིན།གྲོགས་པོས་བཤད་རྒྱུར་བཤད་རྒྱུར།སྨུག་ནག་པའི་ཁང་བ་ངུ་སྐད་ཀྱིས་ཁེངས་བྱུང་།གྲོགས་པོའི་ཕྱི་རྒྱལ་ནས་ལས་དོན་སྒྲུབ་པ་བཟང་བས་རྒྱུན་ནོར་གྱི་ཆེད་དུ་ངུ་དགོས་པ་མི་འདུགཡིན་རྒྱུན་ནི་སྤུན་ཟླས་སེམས་པ་དམར་བོ་རྨས་སོང་བས་ཡིན།
ཁྱོད་ལ་གསེར་ལས་དཀོན་པའི་ཨ་མ་བགོ་སྐལ་དུ་ཐོབ་པ་ནི་ཁྱོད་ཀྱི་ཆེས་ཆེས་བའི་བསོད་ནམས་རེད།འཇིག་རྟེན་འདིའི་སྟེང་དུ་མི་མང་བོ་ཞིག་གི་རྒྱུན་ནོར་གྱི་ཆེད་དུ་རང་གི་དྲིན་ཆེན་གྱི་ཨ་མ་ཡང་མི་དགོས་པ་རེད་ཅེས་ངས་དེ་ལྟར་ཁོ་ལ་སེམས་གསོ་བྱས་པ་ན།གྲོགས་པོ་དགའ་སྤྲོ་དང་བཅས་གད་མོ་ཤོར།
ཁྱོད་ཀྱི་སྤུན་ཟླ་ཚོས་ཨ་མ་གཅིག་པུ་ཡང་ཁྱོད་ལ་བགོ་སྐལ་དུ་བཞག་མེད་ཚེ་ད་གཟོད་ཁྱོད་དངོས་གནས་ཚར་སོང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10