ལྷ་ཆེན་ལ་འཕྲིན་ཡིག་སྤྲིངས་པ།

གཙང་ཁ་ཚེ་ཐར་གྱིས་བསྒྱུར།        2018-01-15

 ༡ ལུང་གཤོངས་དེའི་དུད་ཚང་གཅིག་པོ་དེ་སེ་འདེ་རི་བོའི་རྩེ་ལ་ཆགས་འདུག དེ་ལྟ་བུའི་ས་སྒང་དེ་ནས་རྒྱུག་ཆུ་དང་ལོ་ཏོག་སྨིན་མ་རྣམས་མེ་ཏོག་དང་ལྷན་དུ་ས་གཞིའི་ཐོག་བཀྲམ་པ་རིག་ཐུབ་སྟེ། དེ་དག་གིས་དུས་རྟག་ཏུ་ལོ་ལེགས་ཡོང་བའི་དམ་བཅའ་བཞག་པ་དང་གཉིས་སུ་མེད། དགོས་ངེས་ཡོད་པ་གཅིག་པོ་ནི་ཆར་ཞོད་ཆེན་པོ་ཞིག་རེད་དེ། དེ་ལྟར་མ་བྱུང་ཡང་ཆར་ཆུ་ཟིམ་ཟིམ་ཙམ་ཡིན་ཡང་ཨ་ཅང་ཅང་། རང་ཉིད་ཀྱི་ཞིང་ཁར་རྒྱུས་མངའ་ཆེ་བའི་ལིན་ཆོ་ཡིས་ཞོགས་པར་བྱང་ཤར་གྱི་མཁའ་དབྱིངས་སུ་རྟ་བདུན་ལ་ཅེར་བ་ལས་གང་ཡང་བྱས་མ་སོང་།  

“ད་ཆར་ང་ཚོར་ཆར་པ་ཡག་པོ་འབབ་ངེས་འདུག བུད་མེད་ཚོ།”དགོང་ཟས་བཟོ་བཞིན་པའི་བུད་མེད་དེས་ཡ་ལན་སྤྲད།“རེད།  ལྷ་ཆེན་གྱིས་འདོད་པ་བྱེད་ཀྱིན་ཡོད་པ་རེད།” བུད་མེད་ཅིག་གིས་“དགོང་ཟས་མཆོད་པར་ཤོག” ཅེས་མ་འབོད་པའི་བར་དུ། བུ་རྒན་པ་ཚོས་ཞིང་ཁའི་ནང་ལས་ཀ་བྱེད་ཀྱི་འདུག་ལ། ཆུང་བ་ཚོས་ནང་གི་སྒོ་འགྲམ་ལ་རྩེད་མོ་རྩེ་བཞིན་འདུག  ལིན་ཆོ་ཡིས་ཚོད་དཔག་བྱས་པ་ལྟར་དགོང་ཟས་ལ་རོལ་བཞིན་པའི་སྐབས། ཆར་ཆུའི་ཟེགས་མ་ཆེན་པོ་མང་པོ་ལྷུང་བར་བརྩམས་སོང་། སྤྲིན་ཚོགས་ཀྱི་ཚོམ་བུ་མང་པོ་བྱང་ཤར་གྱི་མཁའ་དབྱིངས་ནས་བཤར་ཡོང་གིན་འདུག བསིལ་རླུང་གསར་པ་དེ་ལ་ཞི་བདེའི་གསོན་ཤུགས་འཚང་། མི་ཞིག་ཕྱི་རོལ་ཏུ་བུད་སོང་། ཁོ་པ་ཕྱི་རོལ་ཏུ་འབུད་དོན་ནི་རང་གི་ལུས་ལ་ཆར་པ་འབབ་པའི་ཚོར་སྣང་མྱོང་རྒྱུ་ཁོ་ན་ཡིན།    ཁོ་པ་ཕྱིར་ལོག་རྗེས་འདི་ལྟར་འབོད་ཀྱིན།“འདི་ཚོ་གནམ་ནས་འབབ་པའི་ཆར་ཐིགས་མ་རེད། འདི་དག་ནི་དངུལ་གྱི་ཊམ་གསར་རེད་འདུག      ཟེགས་མ་ཆེ་བ་རྣམས་ten-cent pieces དང་ཆུང་བ་རྣམས་ལྔ་རེ་རེད།”

༣  ཁོ་པས་འདོད་བློ་ཁེངས་པའི་རྣམ་འགྱུར་ཞིག་དང་ལྷན་དུ་ཆར་ཆུའི་ཡོ་རས་དབུས་ཀྱི་ལོ་ཏོག་སྨིན་མ་རྣམས་ལ་ཞིབ་ལྟ་ཞིག་བྱས་སོང་།འོན་ཏེ། དེ་མ་ཉིད་དུ་རླུང་བུ་ཆེན་པོ་ཞིག་བརྒྱབས་ཤིང། ཆར་ཞོད་ཆེ་ཞིང་སེར་རྡོག་ཆེན་པོ་དག་ལྷུང་བར་བརྩམས།འདི་དག་ནི་དངུལ་ཊམ་གསར་པ་དག་དང་ཤིན་ཏུ་མཚུངས། བུ་ཕྲུག་རྣམས་ཆར་ཞོད་ཀྱི་དབུས་སུ་རྒྱུག་བཞིན་འཁྱགས་པའི་མུ་ཏིག་(སེར་བ།)བསྡུས་པར་བརྩོན། “ད་ཆར་གནམ་གཤིས་སྡུག་ཏུ་ཕྱིན་འདུག”  མི་ཞིག་གིས་དེ་ལྟར་འབོད་ཀྱིན་འདུག  ད་དུང་ཁོ་པས་“གནམ་གཤིས་ལ་མགྱོགས་མྱུར་ངང་བཟང་ཕྱོགས་ཀྱི་འགྱུར་བ་མངོན་པར་ཤོག”གནམ་གཤིས་མགྱོགས་མྱུར་ངང་འགྱུར་བ་ཕྱིན་མ་སོང།      དུས་ཡུན་ཅུང་ཙམ་རིང་ཁང་པ་དང་། ལྡུམ་ར། རི་ངོས་དང་། ལོ་ཏོག་གི་ཞིང་ཁ་སོགས་ལུང་གཤོང་ཡོངས་སུ་སེར་བ་འབབ། ས་ཞིང་ནི་ཚྭས་འགེབས་པ་བཞིན་དཀར་ཆིལ་ལེར་གྱུར། སྡོང་པོར་ལོ་མ་མེད་ལ། ལོ་ཏོག་མཐའ་དག་ཀྱང་བཅོམ་ཟིན་འདུག མེ་ཏོག་ཡོད་ཚད་སྡོང་པོ་དང་བྲལ་ནས་ཐང་ལ་ཟགས། ལིན་ཆོའི་སེམས་པར་སྐྱོ་གདུང་གི་སྨུག་སྤྲིན་འཁྲིགས། དྲག་ཆར་བུ་ཡུག་རྣམས་རིམ་བཞིན་མཚམས་ཆད་པ་ན།ཁོ་པ་རང་གི་ཞིང་ཁའི་དབུས་སུ་ཀྲོང་ངེར་ལངས་ནས་རང་གི་བུ་ཕྲུག་ཚོར་བརྗོད་དོན་་་་་་་་་་་་་།

“འབུ་སྲིན་གྱིས་གཏོར་སྐྱོན་བཏང་ཡང་འདི་ལས་ལྷག་པར་ང་ཚོར་ཤུལ་དུ་བཞག་ངེས་རེད། ཆར་པ་འདིས་ང་ཚོར་ཅི་ཡང་བཞག་མི་འདུག  ཐེངས་འདིར་ལོ་ཏོག་བྱུང་མ་སོང་།” ཉིན་དེའི་མཚན་མོ་ནི་སེམས་སྡུག་དང་བློ་ཕངས་ཀྱིས་རབ་ཏུ་བརྟས་པ་ཞིག  །
“ང་ཚོས་ལས་ཀ་བྱས་པ་རྣམས་ཕན་མེད་དུ་ཕྱིན་སོང”“ང་ཚོར་རོགས་པ་བྱེད་ཐུབ་མཁན་སུ་ཡང་ཡོད་རྒྱུ་མ་རེད” “ལོ་འདིར་ང་ཚོ་གྲོད་པ་ལྟོགས་པར་འཚོ་བ་དགོས་ངེས་ཡིན་ཞིང་།”འོན་ཀྱང་ཁེར་རྐྱང་གི་དུད་ཚང་དེའི་ནང་མི་ཡོངས་ཀྱིས་ཆེས་མཐའ་མཇུག་གི་བློ་གཏད་བཅོལ་ས་དེ་ནི་ལྷ་ཆེན་གྱི་རོགས་སྐྱོར་ཡིན། སེམས་སྡུག་མང་པོ་མ་བྱེད། “ད་ཆར་ང་ཚོར་ཐམས་ཅད་ཤོར་བ་ལྟར་སྣང་ཡང་། མི་སུ་ཞིག་ཀྱང་ཟས་མེད་པར་ཤི་མྱོང་མེད་པ་དེ་སེམས་ལ་ངེས་པར་གྱིས” མཚན་གང་རིང་ལིན་ཆོ་ཡིས་“ ལྷ་ཆེན་གྱི་རོགས་སྐྱོར།”ཡོང་བ་ཁོ་ནར་བསམ་གཞིགས་བྱས། ཁོ་བོའི་སེམས་པར་སྣང་བརྙན་འདི་འདྲ་ཞིག་སྣང་འདུག་སྟེ། ལྷ་ཆེན་གྱི་སྤྱན་ཟུང་གིས་མི་མཐོང་བ་གང་ཡང་མེད་པ་མ་ཟད། མི་སུ་ཡང་རུང་བ་ཞིག་གིས་ཇི་བཞིན་བསམ་པའི་རྣམ་དཔྱོད་ཀྱང་མཐོང་ཐུབ་སྙམ། 

 ལིན་ཆོ་ནི་གླང་གོག་དང་འགྲོགས་པའི་མི་ཞིག་སྟེ། ཞིང་ཁའི་ནང་དུད་འགྲོ་བཞིན་ལས་ཀ་ལས་ཀྱིན་ཡོད། རེད་དེ། ད་དུང་། ཁོ་བོས་ཡི་གེ་འབྲི་ཀློག་ཤེས་ཀྱི་ཡོད། དེའི་རྗེས་ཀྱི་རེས་གཟའ་ཉི་མའི་བར་གསེང་ལ་འཕྲིན་ཡིག་འབྲི་བར་བརྩམས། འདི་ནི་ལྷ་ཆེན་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་ལས་གང་ཡང་མ་རེད། ཁོ་བོ་རང་ཉིད་གྲོང་ཁྱེར་དུ་བསྐུར་བར་འགྲོ་དགོས་པ་ཞིག་རེད། ཁོ་པས་འབྲི་དོན  “ལྷ་ཆེན། གལ་ཏེ། ཁྱོད་ཀྱིས་རོགས་པ་མ་བྱས་ན་ང་དང་ངའི་ནང་མི་ཚོ་ལྟོགས་པར་ལུས་ངེས་རེད། ང་ལ་པེ་སོ(ཁྱུ་བ་དང་མེག་སི་ཁོ་སོགས་སུ་སྤྱོད་པའི་དངུལ)བརྒྱ་དགོས་ངེས་འདུག གང་ཡིན་ཟེར་ན་ངས་ས་ཞིང་བསྐྱར་དུ་འདེབས་པ་དང་ལོ་ཏོག་མ་སྨིན་བར་དུ་འཚོ་བའི་དགོས་མཁོའི་ཆེད་ཡིན། དེའི་འབྱུང་རྐྱེན་ནི་སེར་བ་་་་་་་་་་་་་་་་་” ཁོས་ཡིག་སྐོགས་སྟེང“ལྷ་ཆེན་ལ”ཞེས་བྲིས་ནས་འཕྲིན་སྣོད་ནང་བླུགས་སོང་། ད་དུང་གནད་དོན་གཞན་ཞིག་ཡོད་པས་ཁོ་པ་གྲོང་ཁྱེར་དུ་བསྐྱོད་སོང་། སྦྲགས་ཁང་དུ་ཡིག་སྐོགས་ལ་སྦྲགས་རྟགས་བརྒྱབ་ནས་ཡིག་སྒམ་དུ་བླུགས། ཡིག་སྐྱེལ་ཕོ་ཉ་དང་སྦྲགས་ཁང་གི་ལས་བྱེད་པ་ཞིག་གིས་སེམས་དབུས་ན་དགོད་སྒྲ་ལྡིང་བཞིན། རང་གི་དབུ་ཁྲིད་ལ་ལྷ་ཆེན་ལ་སྤྲིངས་པའི་འཕྲིན་ཡིག་དེ་བསྟན་པར་ཆས་སོང་། ཁོ་པས་ཡིག་སྐྱེལ་ཕོ་ཉ་བྱེད་པའི་མི་ཚེའི་འཚོ་བའི་ནང་ཁ་བྱང་འདི་ལྟ་བུ་ཞིག་ནམ་ཡང་མཐོང་མྱོང་མེད། 
དུས་རྒྱུན་མཐུན་ལམ་དང་བྱམས་བརྩེ་ལྡན་པའི་སྦྲགས་ཁང་གི་མགོ་ཁྲིད་དེས་ཀྱང་གད་མོ་དབང་མེད་དུ་ཤོར། ཁོ་པས་དེ་མ་ཉིད་དུ་གད་མོ་ཤོར་མཚམས་བཞག་ནས་གཟབ་ནན་གྱི་རྣམ་འགྱུར་སྟོན་པ་དང་འཕྲིན་ཡིག་རྒྱ་ཅོག་ཐོག་བཞག་ནས་“ལྷ་ཆེན་ལ་དད་ནས་འཕྲིན་ཡིག་འབྲི་མགོ་བརྩམས་པ་རེད། ཧང་སང་བའི་དད་སེམས་ཤིག་རེད། ངའི་རེ་བར་ང་རང་ལ་ཡང་འདི་ལྟ་བུའི་དད་སེམས་ཤིག་ཡོད་ན་སྙམ།”ཞེས་བཤད།

༦ འཕྲིན་བསྐུར་བའི་ལྷ་ཆེན་ལ་བཅངས་པའི་དད་སེམས་མི་དཀྲུག་པའི་ཆེད་དུ་སྦྲགས་ཁང་མགོ་ཁྲིད་དེས་བློ་ཐབས་ཤིག་རྙེད།འོན་ཏེ། ཁོ་པས་ཡི་གེའི་ཁ་ཕྱེས་པ་ན། ཁོ་པས་འཕྲིན་ཡིག་འདིར་ལན་བྱེད་པར་ཆོད་སེམས་དང་། སྣག་ཚ། ཤོག་བུ་གསུམ་པོ་ཁོ་ནས་ཡོང་ཐབས་མེད་པར་རྟོགས། གང་ལྟར་ཁོས་ཐག་གཅོད་བྱེད་དོན་ནི་འདི་ལྟར་སྟེ། ཁོས་ལས་རོགས་ཚོའི་དྲུང་ནས་དངུལ་བླངས་པ་དང་རང་གི་གླ་ཆའི་ནང་གི་ཆ་ཤས་ཤིག་ཀྱང་བཏང་སོང་།ད་དུང་། ཁོང་གི་གྲོགས་པོ་ཁ་ཤས་ཀྱིས་ཀྱང་དངུལ་སྒོར་བྱིན། ཁོ་པར་མཚོན་ན་པེ་སོ་བརྒྱ་ཐམ་པ་མཁོ་སྒྲུབ་ཐུབ་རྒྱུ་ནི་མི་སྲིད་པ་ཞིག་ཏུ་སྣང་ཡང་། པེ་སོ་བརྒྱའི་ཕྱེད་ཀ་ཙམ་ཞིག་གཏོང་ཐུབ་ངེས་ཡིན་པས། ཡིག་སྐོགས་ནང་དངུལ་དང་འཕྲིན་ལན་བླུགས་ནས་ལིན་ཆོ་ཞེས་ཁ་བྱང་བཀོད་སོང་། རེད་དེ། ཁོ་པའི་འཕྲིན་ལན་དེའི་ནང་གི་“ལྷ་ཆེན་”ཞེས་པའི་ཐ་སྙད་དེ་མཚན་རྟགས་ཀྱི་ཚུལ་དུ་བཀོད་པ་ཙམ་རེད།
༧ དེའི་རྗེས་ཀྱི་རེས་གཟའ་ཉི་མ་དེར་ལིན་ཆོ་དུས་རྒྱུན་ལས་ཅུང་སྔ་བར་སླེབས་ནས་ཁོ་པར་ཡིག་ལན་འདྲ་ཡོད་མེད་བལྟས། ཡིག་སྐྱེལ་ཕོ་ཉས་ལིན་ཆོ་ལ་འཕྲིན་ཡིག་དེ་སྤྲད་པའི་སྣང་ཚུལ་དེ། སྦྲགས་ཁང་གི་མགོ་ཁྲིད་ཀྱིས་མཐོང་བ་དང་རང་གིས་ལས་དོན་ཡག་པོ་ཞིག་བསྒྲུབས་ཡོད་སྙམ་པའི་རྣམ་འགྱུར་ཞིག་དང་ལྷན་དུ་ཡིག་ཚང་གི་སྒོ་གསེབ་ནས་ལྟ་བཞིན་འདུག ལིན་ཆོ་ཡིས་དངུལ་རིག་པ་ན་ཁོ་པ་ཧ་ལས་པའི་རྣམ་འགྱུར་དེ་ནི་ཁོ་བོའི་སེམས་ལ་གདེང་ཚོད་ཡོད་པ་ཞིག་རེད། འོན་ཏེ་ཁོས་དངུལ་ལོ་རྣམས་རྩིས་གཤེར་བྱས་རྗེས་ཁྲོས་སོང་།
སྤྱིར་བཏང་། ལྷ་ཆེན་གྱིས་ནོར་འཁྲུལ་བཟོ་སྲིད་ཀྱི་མ་རེད་ལ། ལིན་ཆོ་ལ་རོགས་རམ་ནི་དེ་བས་བྱེད་མི་སྲིད་པ་ཞིག་རེད།འོན་ཏེ། དེ་མ་ཉིད་དུ་ལིན་ཆོ་སྒེའུ་ཁུང་གི་གམ་དུ་སྣག་ཚ་དང་ཤོག་བུ་ལེན་པར་བསྐྱོད་ནས། སྤྱི་སྤྱོད་རྒྱ་ཅོག་སྟེང་འཕྲིན་ལན་འབྲི་བར་བརྩམས། ཁོ་པས་རང་གི་བསམ་ཚུལ་རྣམས་ཇི་ལྟར་འགོད་མིན་ཐད་བསམ་གཞིགས་བྱེད་པས་ཐོད་པར་གཉེར་མའི་ཐིག་རིས་རྣམས་གསལ་བར་འཆར། ཁོ་པས་འཕྲིན་ལན་བྲིས་ཚར་བ་དང་སྒེའུ་ཁུང་གི་གམ་ནས་སྦྲགས་རྟགས་ཉོས་པར་ཕྱིན་རྗེས། སྦྲགས་རྟགས་དེར་ལྕེ་ལྡག་བརྒྱབ་ནས་ཡིག་སྐོགས་ཀྱི་ཐོག་ཏུ་སྦྱར་སོང་། འཕྲིན་ཡིག་དེ་སྦྲགས་ཁང་དུ་ལྷུང་བ་དང་མགོ་ཁྲིད་དེ་ཁ་དབྱེ་བར་ཆས་སོང།འཕྲིན་ཡིག་དེའི་ནང་དོན་ནི་འདི་ལྟར་ཏེ།
༨ ལྷ་ཆེན་ངས་ཁྱེད་ལ་སྐྱབས་འཇུག་ཞུས་པའི་པེ་སོ་བདུན་ཅུ་ལས་འབྱོར་མ་སོང་།ལྷག་མ་རྣམས་བསྐུར་བར་ཞུ།  གང་ཡིན་ཟེར་ན་ང་ལ་དགོས་མཁོ་ཆེན་པོ་འདུག  འོན་ཏེ་སྦྲགས་ཁང་བརྒྱུད་ནས་མི་བསྐུར་བར་མཁྱེན། གང་ཡིན་ཟེར་ན། སྦྲགས་ཁང་འདིའི་ལས་བྱེད་པ་ཚོ་ནི་བསླུ་བྲིད་ཅན་གྱི་ཁྱུ་ཚོགས་ཤིག་ལས་མ་འདས། །ཞེས་སོ།།

 


  • ལེ་ཚན་སྔོན་མ།:ཉིས་སྟོང་བཅོ་ལྔ་ལོའི་མཐར་ཕྱིན་སློབ་མ་རྣམས་ལ་གདམས་པའི་བསླབ་བྱ།
  • ལེ་ཚན་རྗེས་མ།:དཀར་ནག