ཕྲུ་གུའི་འཇིག་རྟེན།

རྣམ་རྒྱལ་གྱིས།    ཐེ་ཀོར་གྱི་སྙན་རྩོམ།    2011-01-06

ཕྲུ་གུའི་འཇིག་རྟེན།

ང་རང་གིས་ངའི་ཕྲུ་གུ་གཅིག་པུར་དབང་བའི་འཇིག་རྟེན་གྱི་སྙིང་ཁོང་ན་ལྷོད་འཇགས་ཀྱི་གྲུ་ག་ཞིག་བཟུང་ཐུབ་པར་སྨོན་འདུན་ཞུ།ངས་སྐར་མའི་ཚོགས་ཀྱིས་ཁོ་རང་ལ་ལབ་གླེང་བྱེད་པ་ཤེས།དེ་ནས་ནམ་མཁའ་ཞིག་གིས་མགོ་བོ་དུད་ནས་དེའི་ཤེས་མེད་ཀྱི་སྤྲིན་ཚོགས་དང་འཇའ་ཚོན་གྱིས་ཁོ་རང་གི་སྤྲོ་བ་སྐྱེད།
   དེ་ནས་ཕྲུ་གུ་དེ་ངག་ལྐོག་པར་ཡིད་ཆེས་བྱེད་པའི་མི་རྣམས་དང་།ཕར་ལྟས་ཚོད་ཀྱིས་ཁོ་ཚོ་གཏན་ནས་ཡིད་འགུལ་ཐེབས་མི་ཐུབ་པའི་མི་རྣམས།ཚང་མ་ཁོའི་སྒེའུ་ཁུང་གི་མདུན་དུ་གུག་དྲེད་བརྒྱག་ནས་ཡོང་བ་དང་།ཁོ་ཚོའི་གཏམ་རྒྱུད་དང་ཚོན་མདངས་ཀྱིས་གཏམས་པའི་ཀ་ཏོ་ར་ཁྱེར་ནས་ཡོང་།
ངས་ང་རང་གི་ཕྲུ་གུའི་བློ་སེམས་རྒྱུད་ནས་ཡོད་པའི་ལམ་བུ་དེ་དེད་ནས་འགྲུལ་བཞུད་བྱེད་ཐུབ་པ་དང་ཆགས་སྡང་གི་འཆིང་ཐག་ཡོད་དོ་ཅོག་ལས་གྲོལ་བར་སྨོན་འདུན་ཞུ།
གནས་དེར་ཕོ་ཉ་རྣམས་ཀྱིས་ལོ་རྒྱུས་མེད་པའི་རྒྱལ་ཁམས་ཀྱི་རྒྱལ་པོ་རྣམས་ཀྱི་བར་རྒྱུ་མཚན་ཅི་ཡང་མེད་པར་ལག་དོ་རྒྱུག གནས་དེར།དཔྱོད་ཤེས་ཀྱིས་ཁོ་མོའི་ཁྲིམས་ལུགས་ཀྱི་ཤེས་བྱ་བསྐྲུན་པ་དང་བདེན་དོན་གྱིས་དོན་དངོས་རྣམས་དེའི་བཀག་སྡོམ་ལས་རང་དབང་དུ་གྲོལ་བར་བྱེད།
 
  • ལེ་ཚན་སྔོན་མ།: གཉེན་སྟོན།
  • ལེ་ཚན་རྗེས་མ།:ཞི་བདེ་དང་དམག་འཁྲུག