ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་འཆར་འགོད་བྱ་རྒྱུའི་སྐོར་བཏོན་པའི་གྲོས་གཞི།(གནད་བསྡུས།)1

(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།)        2010-12-20

(2010ལོའི་ཟླ་བ11པའི་ཚེས28ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམས་བྱུང་བ།)
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ།(2011ལོ་ནས2015ལོའི་བར།)ནི་རང་ཁུལ་འདི་ཉིད་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།ནུབ་རྒྱུད་གསར་སྦོལ་ཆེན་པོ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།འགག་མདོའི་ཚོད་འཛིན་གཏོར་བ་དང་།འཕེལ་རྒྱས་ཀྱི་རྨང་གཞི་ལག་བསྟར།འཕེལ་རྒྱས་གཏོང་ནུས་ཇེ་དྲག་གཏོང་བ།མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་རེད།སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་དང་།འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་།སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡིན་པས།གནས་ཚུལ་གསར་པ་དང་ལས་འགན་གསར་པ།རེ་འདུན་གསར་པ་ཁོང་དུ་ཡང་དག་པ་ཆུད་པ་བྱས་ནས་ཚན་རིག་དང་མཐུན་པའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་བྱས་ཏེ་མུ་མཐུད་ནས་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཐོག   ཁུལ་ཡོངས་ཀྱི་མཆོང་རྒལ་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ཡོད་པ་རེད།
དང་པོ།  ལོ་རྒྱུས་རང་བཞིན་ལྡན་པའི་གོ་སྐབས་དམ་འཛིན་བྱས་ནས་མཆོང་རྒལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
མ་སྐུལ་དང་བླངས་ཀྱིས་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་དཔལ་འབྱོར་ཆགས་ཚུལ་ལེགས་སྒྲིག་དང་།འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་སྤྱིའི་བླང་བྱ་དང་འཕེལ་ཕྱོགས་ཆེན་པོ་དང་འཕྲོད་པ་བྱ་རྒྱུ།ཚན་རིག་དང་མཐུན་པའི་དཔལ་འབྱོར་སྤྱི་ཚོགས་མཆོང་རྒལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དམིགས་ཡུལ་གཏན་འབེབས་བྱས་ནས་རྒྱུན་ཆད་མེད་པར་རང་ཉིད་འཕེལ་རྒྱས་གཏོང་ནུས་མཐོ་རུ་གཏོང་བ་དང་།ཕྱོགས་བསྡུས་དཔལ་འབྱོར་གྱི་དངོས་ཤུགས་དང་།མི་དམངས་ཀྱི་འཚོ་བའི་ཆུ་ཚད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་ཐད་སྐས་རིམ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་གཏོང་དགོས།
གཅིག ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཐོབ་པའི་གལ་འགངས་ཆེ་བའི་གྲུབ་འབྲས་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཚབས་ཆེ་བའི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་།ཪྙོག་འཛིང་ཆེ་བའི་བརྟན་བརླིང་གི་གནས་བབ་སྲུང་སྐྱོང་།ཝུན་ཁྲོན་དང་ཡུལ་ཤུལ་དུ་ས་འགུལ་ཆེན་པོའི་གནོད་སྐྱོན་དང་རྒྱལ་སྤྱིའི་དངུལ་རྩ་ཉམས་ཉེན་བྱུང་བའི་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་ཐུག་སྐབས།ང་ཚོས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་པ་གསུམ་”གྱི་གལ་འགངས་ཆེ་བའི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ལྟ་བ་ལག་བསྟར་གཏིང་ཟབ་བྱས་པ།སྒོ་ཀུན་ནས་ཞིང་ཆེན་ཏང་ཨུའི་“གཙོ་ཕྱོགས་གཅིག་དང་གསུམ་ཤུགས་སྣོན་རྒྱག་རྒྱུའི་”བོད་ཁུལ་ལས་ཀའི་སྤྱིའི་བསམ་ཕྱོགས་དོན་འཁྱོལ་བྱས་པ།བྱེད་ཐབས་ནུས་ལྡན་བླངས་ནས་འཕེལ་རྒྱས་དང་བརྟན་བརླིང་སྲུང་སྐྱོང་།དམངས་འཚོ་ལེགས་བཅོས་གཏོང་རྒྱུའི་དོན་ཆེན་གསུམ་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ནས་དཔལ་འབྱོར་དངོས་ཤུགས་དེ་ཞན་པ་ནས་སྟོབས་ཆེན་དུ་འགྱུར་བྱས་པ་དང་།ཐོན་ལས་ཀྱི་གཞི་ཁྱོན་དེ་ཆུང་བ་ནས་ཆེ་བར་འགྱུར་བ།རྨང་གཞི་སྒྲིག་ཆས་མངོན་གསལ་དུ་ལེགས་བཅོས་བྱུང་བ།སྤྱི་པའི་ཞབས་འདེགས་ཞུ་ནུས་མཐོ་རུ་མངོན་གསལ་དུ་བཏང་བ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡོངས་ཁྱབ་ཏུ་མཐོ་རུ་ཕྱིན་པ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་།བསམ་པའི་དཔལ་ཡོན་འཛུགས་སྐྱོང་།རང་ཉིད་འཛུགས་སྐྲུན་བྱ་རྒྱུ་བཅས་སྒོ་ཀུན་ནས་ཤུགས་སྣོན་བརྒྱབ་པ།སྤྱི་ཚོགས་ཆབ་སྲིད་ཀྱི་གནས་བབ་འཆམ་མཐུན་བརྟན་བརླིང་ཡིན་པ།རང་ཁུལ་འཕེལ་རྒྱས་ཆེས་འགྲོ་མགྱོ གས་ཤོས་དང་འཕེལ་རྒྱས་ཀྱི་སྤུས་ཀ་ཆེས་བཟང་ཤོས།དམངས་འཚོ་ལེགས་བཅོས་བྱེད་ཆེས་ཤོས།གྲོང་ཁུལ་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཕན་པ་ཆེས་ཐོབ་མང་ཤོས་ཀྱི་དུས་སྐབས་ཤིག་ཡིན་པས།མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་སྲ་ཞིང་བརྟན་པོ་ཞིག་བཏིང་ཡོད་པ་རེད།
གཉིས།  ཡང་དག་པའི་སྒོས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་འཕེལ་རྒྱས་གཏོང་རྒྱུའི་གནས་ཚུལ་ཁོང་དུ་ཆུད་པ་བྱེད་དགོས། 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • དོ་སྣང་ཆེ་བའི་རྩོམ།