ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ(2)

(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།)        2010-12-20


ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་རང་རྒྱལ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཆེན་པོ་ནས་དཔལ་འབྱོར་དར་རྒྱས་འགྲོ་བའི་སྟོབས་ལྡན་རྒྱལ་ཁབ་ཏུ་བསྐྱོད་རྒྱུ་རེད།  རྒྱལ་ནང་གི་འཕེལ་རྒྱས་གཏོང་བའི་རྣམ་པ་དེ་རང་ཁུལ་གྱི་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་།  ཁྱད་པར་དུ་རྒྱལ་ཁབ་དང་ཞིང་ཆེན་གྱིས་བོད་ཁུལ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱ་རྒྱུའི་གལ་འགངས་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་པས།  མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་།  ཐོན་ལས་འཕེལ་རྒྱས་གཏོང་བར་གཟིགས་སྐྱོང་གི་སྲིད་ཇུས་དེ་བས་མང་པོ་བཟོ་འགོད་བྱ་རྒྱུ།  ནུབ་རྒྱུད་ཀྱི་གསར་སྦོལ་ཆེན་པོ་ཐེངས་གཉིས་པ་ལག་བསྟར་གཏིང་ཟབ་བཅས་བྱས་པར་བརྒྱུད།   རང་ཁུལ་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གོ་སྐབས་འདོན་ཐུབ་རྒྱུ་རེད།   རང་ཁུལ་ལ་ལྡན་པའི་ཕུན་སུམ་ཚོགས་པོའི་ཐོན་ཁུངས་དང་།  ཚོང་རའི་འཕེལ་རྒྱས་གཏོང་རྒྱུའི་མི་མངོན་པའི་ཁྱབ་ཁོངས།  ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་མ་གནས་ཉུང་ཙམ་དང་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་འཕེལ་རྒྱས་གཏོང་རྒྱུའི་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་འདི་དག་གིས་འཕེལ་རྒྱས་གཏོང་རྒྱུའི་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱས་ཡོད་ཅིང་།  མངོན་གསལ་དོད་པོའི་རྗེས་ཐོན་གྱི་དགེ་མཚན་ཆགས་ཡོད་ལ།  འཕེལ་རྒྱས་གཏོང་རྒྱུའི་མི་མངོན་པའི་ནུས་ཤུགས་ཆེས་ཤོས་ཀྱང་ལྡན་པ།  སྔོན་དཔག་བྱེད་ཐུབ་པ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་རང་ཁུལ་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་འགྲོ་ཐུབ་པ་དང་།  འཕེལ་རྒྱས་གཏོང་རྒྱུའི་ཕྱི་ནང་གི་ཆ་རྐྱེན་ཚང་མ་རིམ་བཞིན་དུ་ཆ་ཚང་ཡོང་ཐུབ་པས།  དཔལ་འབྱོར་གྱི་རིན་ཐང་མགྱོ གས་མྱུར་དུ་འཕར་སྣོན་བྱུང་བའི་དུས་རིམ་དུ་བསྐྱོད་ཐུབ་པ་དང་།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་དང་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་ལམ་བུའི་ཐོག་བསྐྱོད་ཐུབ་ངེས་རེད།  
དུས་མཚུངས་སུ་ང་ཚོས་རང་ཁུལ་གྱི་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཚབས་ཆེན་ཐེབས་པ་དང་།  ཕྱོགས་གང་ཐད་ལ་ཚོད་འཛིན་ཐེབས་པའི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ།  དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆུ་ཚད་དམའ་བ་དང་བསྡོམས་གྲངས་ཉུང་བ།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱ་རྒྱུའི་ཧེ་བག་ཆེ་ལ།  གནོན་ཤུགས་ཀྱང་ཆེ་བ།   གྲོང་ཁུལ་དང་གྲོང་རྡལ་བར་དང་ས་ཁོངས་བར་གྱི་འཕེལ་རྒྱས་གཏོང་རྒྱུའི་ཧེ་བག་ཆེ་བ།  གཞི་རྩ་དང་སྤྱི་པའི་ཞབས་འདེགས་བྱེད་ནུས་སྔར་བཞིན་ཅུང་ཞན་པ།  གྲོང་རྡལ་ཅན་དུ་འགྱུར་བའི་ཆུ་ཚད་དམའ་བ།  བཅོས་བསྒྱུར་སྒོ་འབྱེད་བྱེད་ཚད་གཏིང་ཟབ་མིན་པ།  བསམ་བློའི་འདུ་ཤེས་སྔར་བཞིན་རྗེས་ལུས་ཡིན་པ།  དབུལ་ཕོངས་ཐེབས་རྒྱ་ཆེ་ཞིང་དབུལ་ཕོངས་ཐེབས་ཚད་ཟབ་མོ་ཡིན་པ།  ཞིང་འབྲོག་མི་དམངས་དབུལ་སྐྱོར་ཕྱུག་འགྱུར་བྱ་རྒྱུའི་དཀའ་གནད་ཆེ་བ།  སྤྱི་ཚོགས་ཐོག་གི་གནད་དོན་སྣེ་མང་ཪྙོག་འཛིང་བཅས་ཡིན་པའི་གནས་ཚུལ་མཐོང་ཐུབ་དགོས་པ།  དེར་བརྟེན།  ང་ཚོས་ངེས་པར་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཁྱེར་ཏེ་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་།  བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་ལ་བརྟེན་ནས་འགྲན་བསྡུར་བསུ་མ་བྱེད་དགོས་པ།  མཆོང་རྒལ་རྒྱུན་ལྡན་གྱི་སྤོབས་པ་དང་བྱེད་ཐབས་ལ་བརྟེན་ནས་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
༣།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཁྲིད་སྟོན་བསམ་བློ།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་གཏན་འབེབས་བྱེད་རིམ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་སྒྲེང་དགོས་པ་དང་།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་པ་གསུམ་”གྱི་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱེད་དགོས།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་ལྟ་བ་ལག་ལེན་མཐའ་ཕྱིན་བསྟར་དགོས།  ཞིང་ཆེན་ཏང་ཨུའི་གཙོ་ཕྱོགས་གཅིག་དང་གསུམ་ལ་ཤུགས་སྣོན་རྒྱག་རྒྱུའི་བོད་ཁུལ་ལས་ཀ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁོག་གི་བསམ་ལམ་ལ་དམིགས་པ་དང་།  མཆོང་རྒལ་འཕེལ་རྒྱས་གཏོང་བ་དང་ཡུན་རིང་བདེ་འཇགས་ཡོང་བ་བྱ་རྒྱུས་བརྗོད་བྱ་གཙོ་བོ་བྱེད་དགོས།  འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་དང་།  དཔལ་འབྱོར་བསྡོམས་གྲངས་འཕར་སྣོན་ཡོང་བ།  འཕེལ་རྒྱས་གཏོང་ཚད་ཇེ་མགྱོ གས་སུ་གཏོང་བ།  འཕེལ་རྒྱས་གཏོང་བའི་སྤུས་ཀ་མཐོར་འདེག་གཏོང་བ་བཅས་ཀྱིས་ལས་འགན་གཙོ་བོ་བྱས་ནས་ཕྱོགས་གང་ཐད་ལ་ཚོད་འཛིན་ཐེབས་པའི་འགལ་བ་སེལ་དགོས།  དམངས་འཚོ་ལེགས་བཅོས་མངོན་གསལ་དོད་པོ་གཏོང་དགོས་པ།  བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས།  དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།  སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་ནས2020ལོར་སླེབས་དུས་རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་ཐག་ཆོད་ཀྱི་རང་བཞིན་ལྡན་པའི་རྨང་གཞི་འདིང་དགོས།
ཁྲིད་སྟོན་ཀྱི་བསམ་བློར་འདིར་གཞིགས་པ་དང་རང་ཁུལ་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་གཞི་རྩའི་ལས་འགན་ལ་དམིགས་ཏེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནི་གཤམ་གསལ་གྱི་རྩ་བའི་བླང་བྱ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།
—འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་དཔལ་འབྱོར་རིན་ཐང་འཕར་སྣོན་མགྱོ གས་སུ་གཏོང་རྒྱུ་དེ་མཆོང་རྒལ་འཕེལ་རྒྱས་གཏོང་བའི་ལས་འགན་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས། 
—དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་མཆོང་རྒལ་འཕེལ་རྒྱས་གཏོང་བའི་རྩ་བའི་གཞི་འཛིན་ས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 
—སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་གལ་འགངས་ཆེ་བའི་རྒྱབ་རྟེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
—བཅོས་བསྒྱུར་གསར་གཏོད་དང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་དེ་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགུལ་ཤུགས་སྟོབས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  
—སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱ་རྒྱུ་དེས་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
བཞི།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཡུལ་གཙོ་བོ།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་གྲངས་ལོ་རེར་ཆ་སྙོམས་བརྒྱ་ཆ14ཡས་མས་འཕར་སྣོན་ཡོང་བ་བྱ་རྒྱུ་དང་།  ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་བརྒྱ་ཆ20ཡན་ཆད་འཕར་སྣོན་ཡོང་བ་བྱ་རྒྱུ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་ལོ་རེར་བརྒྱ་ཆ12ཡས་མས་འཕར་སྣོན་གཏོང་རྒྱུ།  ཞིང་འབྲོག་མི་དམངས་ཀྱི་ཆ་སྙོམས་མི་རེར་ལོ་རེའི་ཡོང་འབབ་ཁེ་གཙང་བརྒྱ་ཆ20ཡན་ཆད་འཕར་སྣོན་གཏོང་རྒྱུ།  སྟོབས་ཤུགས་ཡོད་དགུས་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱེད་དགོས།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • དོ་སྣང་ཆེ་བའི་རྩོམ།