ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་འཆར་འགོད་བྱ་རྒྱུའི་སྐོར་བཏོན་པའི་གྲོས་གཞི།(གནད་བསྡུས།)2
(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།) 2010-12-20
2015ལོར་སླེབས་དུས་འཕྲུལ་འཁོར་ནས་སྒྲིག་སྦྱོར་བྱས་པའི་གློག་འདོན་ཚད་སྟོང་ཝ1000བསྐྲུན་ནས་གློག་འགོ་འཛུགས་རྒྱུ་དང་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ1500བསྐྲུན་གང་ཐུབ་བྱེད་དགོས།
བཅུ་བདུན། སྐྱེ་ཁམས་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ནུས་ལྡན་གྱིས་“གཙོ་ཆེའི་ལྗོངས་རྒྱུའི་མཛེས་ཁུལ་ཆེན་པོ་བཅུ”དང་“དམིགས་བསལ་ཅན་གྱི་ལྗོངས་རྒྱུ་ས་ཁུལ་གཅིག”བསྐྲུན་དགོས་པ་དང་།གཙོ་ཆེའི་ལྗོངས་རྒྱུའི་མཛེས་ཁུལ་དང་ལྗོངས་རྒྱུའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཤུགས་ཆེན་བྱས་ནས2015ལོར་སླེབས་དུས་རྒྱལ་ནང་གི་ལྗོངས་རྒྱུ་བ་མི་གྲངས་ཁྲི1000སྣེ་ལེན་བྱ་རྒྱུ་བརྩོན་ལེན་བྱེད་དགོས།
བཅོ་བརྒྱད། དགེ་མཚན་ལྡན་པའི་གཏེར་ཁའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ལི་ཝུའུ་རག་གཏེར་མ་རྐང་ཚད་ཡོད་ཀུང་སི་ཚོང་རར་འདོན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མགར་ཚང་དངུལ་མང་གཏེར་ཁ་དང་། གད་རྒྱས་ཁའི་གཤའ་དཀར་གཏེར་ཁ། ལུང་ཀོ་ཞ་ཉེ་ཏི་ཚ་གཏེར་ཁ། རོང་བྲག་ཕེད་ནིག་གཏེར་ཁ་སོགས་གཙོ་ཆེའི་གཏེར་རི་འཛུགས་སྐྲུན་གྱི་ལས་ཀ་ཇེ་མགྱོགས་བྱེད་པ་དང་། དར་མདོ་དང་ལྕགས་ཟམ་གྱི་བཟོ་ལས་གཅིག་བསྡུས་ས་ཁུལ་འཛུགས་སྐྲུན་གྱི་ལས་ཀ་ཇེ་མགྱོགས་སུ་བྱས་ནས་བཟོ་ལས་ཀྱི་སྭེལ་ཏུན་ཁྲི10དང་། ཉི་ནུས་རྒྱུ་ཆ་ཏུན་ཁྲི1གི་རྟེན་གཞི་དང་ལིས་ཏུན་ཁྲི10བཙོ་སྦྱང་བྱེད་སའི་རྟེན་གཞི་བཅས་བསྐྲུན་ནས། 2015ལོར་སླེབས་དུས། ཐོག་མར་ཆགས་པའི་གཏེར་རྫས་ཐོན་སྐྱེད་བྱེད་ནུས་ལོ་རེར་ཏུན་ཁྲི700དང་གཏེར་ཁའི་ཐོན་རྫས་ལས་སྣོན་བྱེད་ནུས་ལོ་རེར་ཏུན་ཁྲི25ཐོག་སླེབས་གང་ཐུབ་བྱེད་དགོས།
བཅུ་དགུ། སྐྱེ་ཁམས་སྨན་རྫས་ཀྱི་ལས་རིགས་འདེབས་གསོ་གང་ཐུབ་བྱེད་དགོས། རྒྱ་བོད་སྨན་རྫས་ཀྱི་ཐོན་ཁུངས་དགེ་མཚན་ལྡན་པ་ལ་བརྟེན་ནས་རྒྱ་བོད་སྨན་རྫས་སྲུང་སྐྱོང་བྱ་རྒྱུ་དང་། རི་སྐྱེས་སྲུང་སྐྱོང་། མིས་ཐབས་ཀྱི་འདེབས་འཛུགས། ལྷོ་ཕྱོགས་བོད་སྨན་སྨན་རྫས་ཞིབ་འཇུག་དང་གསར་སྦོལ་བྱེད་སའི་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས་པ་དང་། རྒྱ་བོད་སྨན་རྫས་ཀྱི་རྒྱུ་ཆ་ལས་སྣོན་ཟབ་མོ་བྱ་རྒྱུ་མངོན་གསལ་དང་། རྒྱ་བོད་སྨན་རྫས་ཐོན་སྐྱེད་བྱེད་པའི་འབྲུག་མགོ་ལྟ་བུའི་ཁེ་ལས་ནང་འདྲེན་དང་གསོ་སྐྱོང་། བོད་སྨན་དང་རྒྱ་སྨན་གྱི་ཐོན་རྫས་གསར་པ་ཞིབ་འཇུག་དང་གསར་སྦོལ།ཆོག་འཐུས་ཨང་གྲངས10ནས15བར་གྱི་ཐོན་རྫས་རྩེ་གྲས་ཡིག་ཐོག་སྙན་ཞུ་བྱ་རྒྱུ་ནན་པོ་འཛིན་པ་བཅས་བྱེད་དགོས། ལྕགས་ཟམ་གྱི་བཅིངས་འགྲོལ་སྨན་ལས་ཀྱི་ར་བ་ཆེན་པོ་དང་སྟོབས་ལྡན་བྱེད་པ་དང་། སྐྱེ་ཁམས་སྨན་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་མཉམ་ལས་ཀྱི་ནང་རྐྱེན་འཛུགས་གཉེར་བྱེད་དགོས།
ལྔ་པ། ཚན་རིག་ལ་བརྟེན་ནས་ཁུལ་དར་སྤེལ་དང་ཤེས་ལྡན་མི་སྣ་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས། མཆོང་བརྒལ་འཕེལ་རྒྱས་ཡོང་བར་རིག་པའི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣ་ཁག་ཐེག་བྱེད་དགོས།
སློབ་གསོ་དང་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུ་སྔོན་དུ་བཞག་ནས་ཚན་རིག་སློབ་གསོ་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣས་ཁུལ་སྟོབས་ལྡན་བྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རིགས་ཡོངས་ཀྱི་རིག་གནས་དང་ཚན་རྩལ་གྱི་བྱང་ཚད་མཐོར་འདེགས་ཤུགས་ཆེན་གཏོང་བ་དང་། ཤེས་ལྡན་མི་སྣ་དང་ཚན་རྩལ་གྱིས་ཚོད་འཛིན་བྱེད་པར་གཏོར་བརྒལ་ནུས་ལྡན་བྱས་ནས། རྒྱུན་ཆད་མེད་པར་མཚོང་བརྒལ་འཕེལ་རྒྱས་ཡོང་བར་བློ་རིག་གི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འགན་ལེན་བྱེད་དགོས།
ཉི་ཤུ། སློབ་གསོའི་བྱ་གཞག་འཕེལ་རྒྱས་སྔོན་དུ་གཏོང་དགོས། སློབ་གསོའི་ལས་ཀ་དམིགས་སུ་བཀར་ནས་འཛིན་པ་དང་བོད་ཁུལ་གྱི་ཨང་དང་པོའི་གྲས་ཀྱི་སློབ་གཉེར་དུ་འགྱུར་གང་ཐུབ་བྱས་ནས།