ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་འཆར་འགོད་བྱ་རྒྱུའི་སྐོར་བཏོན་པའི་གྲོས་གཞི།(གནད་བསྡུས།)3

(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།)        2010-12-20

སོ་བཞི།ལས་ཞུགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བྱེད་དགོས།དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ངལ་རྩོལ་ཁེ་ལས་དང་ངལ་རྩོལ་ཞབས་འདེགས་ཁེ་ལས།ངལ་རྩོལ་མི་ལག་མང་འདུས་ཀྱི་ཁེ་ལས།ཁེ་ལས་ཆུང་གྲས་བཅས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་བྱ་ཐབས་སྣ་མང་བརྒྱུད་དེ་ལས་ཞུགས་ཀྱི་ལས་གནས་གསར་འཚོལ་བྱས་ནས་ཚང་མར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས།ལས་རིགས་ལག་རྩལ་དང་ཁྱད་པར་དུ་ཞིང་འབྲོག་དམངས་ཀྱི་ལས་རིགས་ལག་རྩལ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པའི་ལས་ཞུགས་ནུས་པ་མཐོ་རུ་གཏོང་དགོས།
སོ་ལྔ།སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཁྱོན་ཡོངས་སུ་རྣམ་པ་གསར་པའི་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་འགན་ལེན་ལམ་ལུགས་སྤེལ་ནས་རིམ་བཞིན་དུ་འཚོ་སྐྱོང་ཚད་ལྡན་མཐོར་འདེགས་གཏོང་དགོས།རྩ་བའི་སྨན་བཅོས་དང་ལས་ཤོར།ལས་རྨས།བུ་བཙའ་འགན་ལེན་བཅས་ཁུལ་རིམ་པས་གཅིག་གྱུར་འཆར་འགོད་བྱ་རྒྱུ་མགྱོགས་སུ་སྤེལ་ནས་ལས་ཁུངས་ཀྱི་དོན་ལས་སྡེ་ཚན་གྱི་རྒན་གསོའི་འགན་ལེན་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་ཞིང་།ཧུར་ཐག་གིས་སྤྱི་ཚོགས་ཀྱི་ཕན་བདེ་དང་དགེ་བའི་རོགས་སྐྱོབ་བྱ་གཞག་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཕན་བདེ་དང་དགེ་བའི་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
སོ་དྲུག  ཚོང་ཟོག་ཁོར་རྒྱུག་གི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྡེ་ཚོ་ཁྲི་དང་ཤང་སྟོང་གི་ཚོང་རའི་ལས་གྲྭ་སོགས་ཚོང་ཟོག་ཁོར་རྒྱུག་གི་རྣམ་གྲངས་ལག་བསྟར་བྱས་ནས་ཚོང་ཟོག་ཁོར་རྒྱུག་ཚོང་རའི་མ་ལག་འཛུགས་ཞིང་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ཉོ་ཚོང་གི་དངོས་ཟོག་ཁོར་རྒྱུག་ལས་རིགས་འཕེལ་རྒྱས་གཏོང་དགོས།
སོ་བདུན། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་དགོས།  ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་ཁུར་བ།སྤྱི་ཚོགས་རོགས་འདེགས།སྤྱི་དམངས་ཞུགས་པ་བཅས་ཀྱི་སྤྱི་ཚོགས་དོ་དམ་གྱི་རྣམ་པ་ཞིག་ཆགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཧུར་ཐག་གིས་སྤྱི་ཚོགས་དོ་དམ་གྱི་རྣམ་པ་གསར་སྐྲུན་བྱས་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་དོ་དམ་ནུས་པ་མཐོར་འདེགས་གཏོང་དགོས།
དགུ་པ།ས་ཁོངས་བར་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་གཅིག་འགྱུར་འཆར་འགོད་བྱས་ནས་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་མགྱོ གས་སུ་གཏོང་དགོས།
ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྲིག་དང་ལེགས་སུ་གཏོང་ཞིང་།མགྱོགས་མྱུར་དུ་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་།རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
སོ་བརྒྱད།ས་ཁོངས་འཕེལ་རྒྱས་ཀྱི་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་གཏོང་དགོས།ཤར་རྒྱུད་ཀྱིས་བཟོ་ལས་གཅིག་བསྡུས་ས་ཁུལ་དང་ཆུ་ཚོད་གཉིས་ནང་ཚུན་གངས་དཀར་རི་བོ་སྐོར་བའི་ལྗོངས་རྒྱུས་གཙོ་བོར་བྱས་ནས་ལྗོངས་རྒྱུ་དང་གཏེར་ལས་ཐོན་སྐྱེད།ནུས་ཁུངས་བཅས་ཀྱིས་གཙོ་བོ་བྱས་པའི་དཔལ་འབྱོར་གནས་བབས་ཤིག་གྲུབ་པ་དང་།ཁུལ་ཡོངས་སུ་་དཔལ་འབྱོར་འཕར་སྣོན་ཡོང་སའི་ཆེས་མཐོ་ས་དང་མི་འབོར་འདུ་འཛོམས་བྱེད་སའི་ས་ཁུལ་གསོ་སྐྱོང་བྱེད་དགོས།ནུབ་རྒྱུད་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཆུ་ནུས་ཐོན་ཁུངས་དང་ལྗོངས་རྒྱུ་ཐོན་ཁུངས།གཏེར་ལས་ཐོན་ཁུངས་བཅས་ཀྱི་མཐུན་རྐྱེན་སྲུང་སྐྱོང་དང་གསར་སྦོལ་ལས་ཀར་སྐུལ་འདེད་བཏང་ནས་ནུབ་རྒྱུད་ཀྱི་ཤམ་བྷ་ལའི་ལྗོངས་རྒྱུ་སྐོར་ལམ་བསྐྲུན་ཞིང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཕྱོགས་བསྡུས་གསར་སྦོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཧུར་ཐག་གིས་ཁྱད་ཆོས་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ས་ཁོངས་ཅན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཆགས་པ་བྱེད་ཅིང་།དཔལ་འབྱོར་གྱི་འཕར་གནས་གསར་པའི་ཆེས་མཐོ་བསྐྲུན་དགོས། བྱང་རྒྱུད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུས་རྩ་བ་བྱས་ནས་གཙོ་གནད་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་ཞིང།ཞིང་འབྲོག་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་ཅིང་།ཤུགས་ཆེན་པོས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཞིང་།ཧུར་ཐག་གིས་ཆུ་ནུས་དང་ཉི་ནུས།ལྗོངས་རྒྱུ་བཅས་གཏེར་ལས་ཐོན་ཁུངས་མཐུན་རྐྱེན་གསར་སྦོལ་གཏོང་དགོས།
སོ་དགུ  ཤུགས་ཆེན་པོས་ས་ཁོངས་བར་གྱི་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།  ས་ཁོངས་བར་གྱི་འཕེལ་རྒྱས་ཧེ་བག་ཆེ་རུ་འགྲོ་བའི་གནད་དོན་ལ་དེ་བས་དོ་ཁུར་བྱེད་པ་དང་ས་ཁོངས་བར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་དེ་བས་མཐོན་ཆེན་བྱེད་དགོས།
བཞི་བཅུ།གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་མགྱོགས་སུ་སྐུལ་འདེད་གཏོང་དགོས།གྲོང་རྡལ་གྱི་མ་ལག་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ25ཐོག་སླེབས་པ་བྱ་དགོས།ཤུགས་ཆེན་པོས་ས་ཁོངས་ཀྱི་གྲོང་ཁྱེར་ལྟེ་གནས་གསོ་སྐྱོང་བྱེད་ཅིང་།གཙོ་གནད་དུ་དར་མདོའི་གྲོང་གསར།ལྕགས་ཟམ་གྲོང་གསར།དུང་དཀར་ལུང་པའི་གྲོང་གསར།རོང་བྲག་གྲོང་གསར།  ཉག་ཆུ་གྲོང་གསར་བཅས་ཀྱི་འཛུགས་སྐྲུན་བྱེད་པ་དང་། དར་མདོ་རྫོང་དེ་གྲོང་ཁྱེར་བསྐྲུན་རྒྱུའི་ལས་ཀ་ཡག་མོ་བསྒྲུབས་ནས་ཤར་རྒྱུད་གྲོང་རྡལ་གྱི་ཤོང་ནུས་དང་ཉེ་འགྲམ་རྫོང་ལ་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས།ལི་ཐང་དང་དཀར་མཛེས་རྫོང་གྲོང་ཁུལ་གྱི་རྒྱ་སྐྱེད་གཏོང་རྒྱུ་ལེགས་པོར་འཛིན་ནས་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་ལྟེ་བའི་གྲོང་རྡལ་གཉིས་བསྐྲུན་པར་མ་ཟད་།ད་དུང་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པའི་མཐོ་སྒང་གྲོང་གསར་ཞིག་བསྐྲུན་དགོས།མུ་མཐུད་དེ་འབྲོག་པའི་གཞིས་ཆགས་འཆར་འགོད་ལག་བསྟར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསར་འཆར་འགོད་བྱས་པར་མ་ཚད།ད་དུང་ལག་བསྟར་ནན་པོ་བྱས་ནས་ཞིང་འབྲོག་ཁུལ་གྱི་མི་འབོར་ཐར་ཐོར་གནས་པ་དེ་གྲོང་སྡེགཅིག་བསྡུས་གནས་པར་སྐུལ་འདེད་གཏོང་དགོས།
བཅུ་པ།  ཟམ་མི་ཆད་པར་བཅོས་བསྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་ཞིང་།ཕྱི་ཕྱོགས་ལ་སྒོ་ཕྱེ་རྒྱ་དེ་བས་ཆེ་རུ་གཏོང་དགོས།
  ཁྱོན་ཡོངས་སུ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་གསར་སྐྲུན་བྱེད་ཕོད་པ།རྒྱུད་ཆད་མེད་པར་བཅོས་བསྒྱུར་སྒོ་ཕྱེ་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་སྣོན་དགོས།
  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • ལེ་ཚན་རྗེས་མ།:ཁུལ་གནམ་གཤིས་ཅུས་ཀྱིས་ནུས་པ་གང་ཡོད་བཏོན་ནས་ཁུལ་སྟོན་སྐབས་ཀྱིས་གནམ་གཤིས་ཞབས་ཞུ་ལ་འགན་ལེན་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།