ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་དེའི་རླབས་ཆེའི་ལོ་རྒྱུས་དོན་སྙིང་།

        2021-04-14

1.དུས་ཚོད། 1921ལོའི་སྤྱི་ཟླ7པའི་ཚེས23ཉིན།

2.ས་གནས། ཧྲང་ཧའེ་ཡི་གླས་ཁུལ་པེ་ལའེ་ཁྲོམ་ལམ་སུའུ་ཏེ་ལི་སྒོ་རྟགས་ཨང3པ(རྗེས་སུ་ཝང་ཀྲི་ཁྲོམ་ལམ་སྒོ་རྟགས་ཨང106པ་ཟེར། ད་ལྟ་ཞིན་ཡེ་ཁྲོམ་ལམ་སྒོ་རྟགས་ཨང72པ)རེད། ཆེས་རྟིང་མའི་ཉིན་དེར་ཀྲེ་ཅང་ཅཱ་ཞིན་ལྷོ་ཕྱོགས་མཚེའུ་ཡི་སྣུམ་སྐྱེལ་གྲུ་གཟིངས་ཐོག་སྤོས་ཡོད་པ་རེད།

3.གྲོས་ཚོགས་ནང་ཞུགས་མཁན་ནི་ས་གནས་སོ་སོའི་གུང་ཁྲན་ཏང་ཚོགས་ཆུང་གིས་མིང་བཏོན་འདེམས་བསྐོ་བྱས་པའི་འཐུས་མི12ཡོད་པ་རེད། དེའི་ནང་ལི་ཏཱ་དང་ལི་ཧན་ཅུན(ཧྲང་ཧའེ)། ཀྲང་གོ་ཐའོ་དང་ལིའུ་རེན་ཇིན(པེ་ཅིང)མའོ་ཙེ་ཏུང་དང་ཧོ་ཧྲུའུ་ཧེན(ཁྲང་ཧྲ)། ཏུང་པི་ཝུའུ་དང་ཁྲེན་ཐན་ཆིའུ(ཝུའུ་ཧན)། ཝང་ཇིན་མེན་དང་ཏེང་ཨེན་མིང(ཅིས་ལན)། ཁྲེན་ཀོང་ཕུའུ(ཀོང་ཀྲུའོ)།ཀྲུའོ་ཧྥུ་ཧའེ(ལྗར་པེན་ལ་གནས་སྐབས་སྡོད་མཁན)བཅས་ཀྱིས་རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན57གྱི་ཚབ་བྱས་པ་རེད།དེ་མིན་ད་རུང་ཁྲེན་ཏུའུ་ཞིའུ་ཡི་འཐུས་ཚབ་པའོ་ཧུའེ་སན་དང་གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མར་ལིན་དང་ཉིང་ཁུའོ་ཨར་སི་ཅིས་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད་པ་རེད།

4.ནང་དོན། ཚོགས་ཆེན་ཐོག་དེའི་སྐབས་ཀྱི་ཆབ་སྲིད་གནས་བབ་དང་ཏང་གི་རྩ་བའི་ལས་འགན། ཏང་གི་རྩ་འཛུགས་རྩ་དོན་གྱི་གནད་དོན་གྲོས་མོལ་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་གི་ཐོག་མའི་རྩ་འཛིན་གྲོས་འཆམས་བྱུང་བ་རེད། རྩ་འཛིན་གྱིས་ཏང་གི་མིང་ལ"ཀྲུང་གོའི་གུང་ཁྲན་ཏང"ཞེས་པར་གཏན་འཁེལ་བྱས་པ་རེད། ཏང་གི་འབད་འཐབ་དམིགས་ཡུལ་ནི་འབྱོར་མེད་གྲལ་རིམ་གྱི་དམག་དཔུང་བཀོལ་སྤྱོད་བྱས་ནས་འབྱོར་ལྡན་གྲལ་རིམ་གྱི་སྲིད་དབང་རྩ་གཏོར་བཏང་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་འདི་རེད། ཏང་གི་ལྟེ་གནས་ལས་དོན་ནི་བཟོ་པ་གྲལ་རིམ་སྒྲིག་འཛུགས་བྱས་ནས་བཟོ་པའི་ལས་འགུལ་ལ་མགོ་ཁྲིད་བྱ་རྒྱུ་དེ་ཡིན་པ་རེད།

ཚོགས་ཆེན་ཐོག་ཏང་གི་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་ཏེ་ཀྲུང་དབྱང་ཅུས་འདེམས་བསྐོ་བྱས་ཤིང་། ཁྲེན་ཏུའུ་ཞིའུ་ཡིས་ཀྲུང་དབྱང་ཧྲུའུ་ཅིའི་འགན་འཁུར་བ་དང་། ལི་ཏཱ་ཡིས་དྲིལ་བསྒྲགས་ཀྲུའུ་རེན་དང་ཀྲང་གོ་ཐའོ་ཡིས་རྩ་འཛུགས་ཀྲུའུ་རེན་གྱི་འགན་འཁུར་བ་རེད། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་པའི་མཚོན་ཚུལ་ཡིན་པ་རེད།

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་སྲིད་ལོ་རྩིས་མགོ་གསར་པ་ཡིན་ཞིང་། དེ་ནས་བཟུང་ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་བརྗེས་བྱུང་བ་རེད།།

( ཡེ་མགོན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
  • ལེ་ཚན་རྗེས་མ།:ཁྲོན་ཧྲའན་གསར་བརྗེའི་གནས་གཞིའི་ས་ཁུལ།
  • དོ་སྣང་ཆེ་བའི་རྩོམ།