ཁྲོན་ཧྲའན་གསར་བརྗེའི་གནས་གཞིའི་ས་ཁུལ།

        2021-04-15

    ཁྲོན་ཧྲན་གསར་བརྗེའི་གནས་གཞིའི་ས་ཁུལ་ནི་ས་ཞིང་གསར་བརྗེའི་དམག་འཁྲུག་སྐབས་སུ་ཀྲུང་གོའི་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་བཞི་པས་བསྐོར་བཅོམ་རྒོལ་རྡུང་ཐེངས་བཞི་པ་ཕམ་པ་འཁེལ་ནས་ཧུའུ་པེ་དང་ཧའོ་ནན། ཨན་ཧུའེ་བཅས་ཀྱི་གསར་བརྗེའི་གནས་གཞི་ནས་ཕྱིར་འཐེན་ཏེ་སི་ཁྲོན་གྱི་ཤར་བྱང་རྒྱུད་དང་ཧྲའན་ཞིའི་ལྷོ་རྒྱུད་ས་མཚམས་ཀྱི་ས་ཁུལ་དུ་སྤོས་བསྒྱུར་བྱས་རྗེས། ཁྲོན་ཧྲའན་མི་དམངས་ཀྱིས་དུས་ཡུན་རིང་པོར་གསར་བརྗེའི་འཐབ་རྩོད་དང་ཞིང་སྡེའི་དྲག་ཤུགས་གྱེན་ལངས་ཐེངས་མང་པོར་བྱས་པའི་རྨང་གཞིའི་ཐོག    ས་གནས་དེ་གའི་མི་དམངས་མང་ཚོགས་དང་ཐུན་མོང་ཐོག་གསར་སྐྲུན་འཕེལ་རྒྱས་བཏང་བ་རེད། དར་རྒྱས་ཆེས་ཆེ་བའི་སྐབས་སུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ42000ལ་ཟིན་ཞིང་། གཙོ་བོའི་བྱ་འགུལ་སྤེལ་ཡུལ་ས་ཁུལ་ནི་སི་ཁྲོན་གྱི་ཅཱ་ལིང་གཙང་པོའི་ཤར་རྒྱུད། ཡུན་སྲན།ཆིས་རྫོང་གི་བྱང་རྒྱུད། ཁྲེང་ཁོའུ། ཁའེ་ཅང་གཙང་པོའི་ནུབ་རྒྱུད་བཅས་ཡིན་པ་དང་། ཧྲའན་ཞིའི་ཉིང་ཆཱང་དང་མེན་རྫོང་། ནན་ཀྲེན། ཞི་ཤང་། ཀྲེན་པཱ་བཅས་སི་ཁྲོན་གྱི་ས་མཚམས་དང་ཉེ་བའི་རྫོང5ཡི་ས་ཁུལ་དུ་ཡིན་པ་རེད། མི་འབོར་ཧ་ལམ་ཁྲི500ཡོད་ཅིང་། ཁྱོན་བསྡོམས་རྫོང23དང་གྲོང་ཁྱེར་གཅིག་ཏུ་སུའུ་ཝེ་ཨེའི་སྲིད་དབང་བཙུགས་ཡོད། དམར་དམག་གི་དཔུང་ཕྱོགས་བཞི་པའི་གཙོ་ཤུགས་དམག་སི་ཁྲོན་ལ་འཇུག་སྐབས་ཀྱི་མི་ཁྲི1.5ནས་མི་ཁྲི8ཀྱི་འཕེལ་རྒྱས་བྱུང་བའི་ཐོག་རང་ཚུགས་དཔུང་ཕྱོགས་བསྣན་ན་མི་ཁྲི10ལ་ཟིན་པ་རེད། མའོ་ཙེ་ཏུང་གིས"ཀྲུང་ཧྭ་སུའུ་ཝེ་ཨེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ཆེན་པོ་གཉིས་པ"ཞེས་བརྗོད་པ་རེད།། 


ཡེ་ཤེས་མགོན་པོས་བསྒྱུར།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་དེའི་རླབས་ཆེའི་ལོ་རྒྱུས་དོན་སྙིང་།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།