ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ(3)

(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།)        2010-12-20


སྐྱེ་ཁམས་ལྡན་པའི་ཁུལ་ཨང་དང་པོ་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཤིང་།སྔོ་ལྗང་ལྡན་ལ་དབྱང་གཉིས་ཐཱན་རྫས་དམའ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་ནས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས།སྐྱེ་ཁམས་ཕན་འབྲས་བཅས་གཅིག་གྱུར་ཡོང་བྱེད་གང་ཐུབ་བྱས་ནས་ཐོན་ཁུངས་བསྲི་ཚགས་བྱེད་པ་དང་ཁོར་ཡུག་ཡག་པོ་ཡིན་པའི་སྤྱི་ཚོགས་རྣམ་པ་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
ཉེར་བདུན།ཏན་ཏིག་གིས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།   གཙོ་གནད་འབྲི་ཆུ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ།ཉག་ཆུ་བཅས་འབབ་རྒྱུད་ཀྱི་འབག་བཙོག་བཅོས་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་བྱས་ནས་གཙོ་བོའི་ཆུ་བོ་ཆེན་པོའི་ཆུའི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་ཆུའི་ནུས་ཁུངས་ས་ཁུལ་བགོ་བའི་དམིགས་ཚད་རྒྱུན་འཛིན་བྱ་རྒྱུར་ཁག་ཐེག་བྱེད་དགོས།  གྲོང་རྡལ་དང་ལྗོངས་རྒྱུའི་མཛེས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་དགོས།ཤུགས་ཆེན་པོས་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་ལག་བསྟར་བྱེད་ཅིང་།ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་ཟབ་མོར་སྤེལ་ནས་ཞིང་འབྲོག་ཁུལ་དུ་འབག་བཙོག་བཟོ་པར་ཚོད་འཛིན་ནུས་ལྡན་བྱེད་དགོས། 
ཉེར་བརྒྱད། སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེགས་ཤུགས་ཆེན་གཏོང་དགོས།   《མཚོ་བོད་མཐོ་སྒང་གི་ཤར་ལྷོ་རྒྱུད-སི་ཁྲོན་གྱི་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་བྱས་ནས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།
ཉེར་དགུ། ནུས་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་འབུད།ཐོན་ཁུངས་བསྲི་ཚགས་ཀྱི་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་སྦོལ་དང་སྲུང་སྐྱོང་བྱ་རྒྱུ་གཉིས་ཀར་མཐོང་ཆེན་བྱ་རྒྱུར་རྒྱུན་འཁྱོངས་བྱེད་པ་དང་།དམིགས་སུ་བཀར་ནས་གྲོན་ཆུང་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཐོན་ཁུངས་གྲོན་ཆུང་ལ་ཕན་པ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་དགོས།
སུམ་ཅུ།གནོད་འགོག་གནོད་སེལ་གྱི་མ་ལག་བཙུགས་ཤིང་འཐུས་སྒོ་ཚང་དུ་གཏོང་དགོས།  རང་བྱུང་གི་གནོད་འཚེ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བྱེད་ལྟེ་གནས་དང་ནགས་ཚལ་།རྩྭ་ཐང་།ས་ཆུ་ཤོར་བ།ས་འགུལ།གནམ་གཤིས་འགྱུར་ལྡོག་སོགས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཀྱི་ཉེན་བརྡ་ལམ་ལུགས་འཛུགས་དགོས།
བརྒྱད་པ།  སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
 སྨན་བཅོས་འཕྲོད་བསྟེན་དང་མི་འབོར་འཆར་ལྡན་བུ་བཙའ་སོགས་སྤྱི་ཚོགས་དོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་། དོན་དངོས་དང་མཐུན་ཞིང་ཅུང་ཆ་ཚང་ཡིན་ལ།གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་ཐུབ་པ།རྒྱུན་སྲིང་ཐུབ་པའི་རྩ་བའི་སྤྱི་པའི་ཞབས་ཞུ་མ་ལག་འཛུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་དགོས།
སོ་གཅིག   སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།   བོད་ཁུལ་གྱི་ལོ་བཅུའི་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས་འཕྲོད་བསྟེན་བྱ་གཞག་ལ་ནོར་སྲིད་ཀྱིས་འཇོག་ཤུགས་ཆེ་རུ་གཏོང་ཞིང་།སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།རྫོང་དང་ཤང་།གྲོང་སྡེ་རིམ་པ་གསུམ་ལ་ཁྱབ་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་སྨན་བཅོས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཞིང་།སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་འགན་སྲུང་ཚད་ལྡན་མཐོར་འདེགས་གཏོང་བ། དམིགས་སུ་བཀར་ནས་ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་སྨན་བཅོས་འཕྲོད་བསྟེན་དགོས་མཁོ་སྐོང་ཞིང་།སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས།ཁུལ་དང་རྫོང་ལ་ཁྱབ་པ་དང་ཤང་དང་གྲོང་རྡལ་ལ་ཁྱབ་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་བབ་བསྟུན་ཐག་གཅོད་དང་སྨན་བཅོས།ཆ་འཕྲིན་སྐྱེལ་བའི་དྲ་བ་དང་ནང་རྐྱེན་བཅས་འཐུས་སྒོ་ཚང་དུ་གཏོང་དགོས།  འགོས་ནད་དང་ས་གནས་ཀྱི་ནད།གཅོང་ནད།ལས་རིགས་ནད་སོགས་ནད་རིགས་ཚབས་ཆེན་འགོག་བཅོས་བྱེད་ནུས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་རྒྱུད་ཆད་མེད་པར་མཐོར་འདེགས་གཏོང་དགོས།
སོ་གཉིས།ཁྱོན་ཡོངས་སུ་མི་འབོར་གྱི་ལས་ཀ་ཡག་མོ་སྒྲུབ་དགོས།འཆར་ལྡན་བུ་བཙའ་ཐད་རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་མི་འབོར་འཕེལ་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་གཞི་ཁྱོན་ཆེན་པོའི་ནང་བཞག་ཏེ་མི་འབོར་དང་ཐོན་ཁུངས་།ཁོར་ཡུག་གསུམ་ཆ་སྙོམས་ཤིང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལག་བསྟར་ནན་ཏན་བྱས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་སྐྱེ་བོ་ལོ་ན་མ་སོན་པར་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་ཅིང་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་དགོས།  ཧུར་ཐག་གིས་བགྲེས་སོང་མང་བའི་གནས་ཚུལ་ལ་ཁ་གཏད་འཇལ་བྱས་ནས་སྤྱི་ཚོགས་རྒན་གསོའི་ཞབས་འདེགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བགྲེས་སོང་ལ་ཞབས་ཞུའི་བྱ་གཞག་དང་ཐོན་ལས་གསོ་སྐྱོང་བྱ་དགོས།གཞན་ཡང་དབང་པོ་སྐྱོན་ཅན་ལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་དགོས། 
སོ་གསུམ།ཡིག་ཟམ་དང་རྒྱང་བསྒྲགས་བརྙན་འཕྲིན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཤང་ཚང་མར་ཡིག་ཟམ་འཕྲོད་པའི་ལས་གྲྭ་ལག་བསྟར་བྱས་ནས་ཞིང་འབྲོག་ཁུལ་གྱི་ཡིག་སྐྱེལ་ནུས་པ་དང་ཡིག་སྐྱེལ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས།མུ་མཐུད་དུ་གྲོང་སྡེ་ཚང་མར་རྒྱང་བསྒྲགས་བཪྙན་འཕྲིན་གཏོང་ཐུབ་པའི་ལས་གྲྭ་དང་།“བོད་ཞིན་ལས་གྲྭ”ལག་བསྟར་བྱས་ནས་རྒྱང་བསྒྲགས་བཪྙན་འཕྲིན་ཁང་དང་ས་ཚུགས་མགྱོགས་སུ་བཙུགས་ནས་རྒྱང་བསྒྲགས་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཡོངས་སུ་ཁྱབ་གང་ཐུབ་བྱེད་དགོས།
  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • དོ་སྣང་ཆེ་བའི་རྩོམ།