ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ(4)

(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།)        2010-12-20


གཉིས་པ།  ཚོད་འཛིན་ཐེབས་པའི་འགལ་བ་སེལ་ནས་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་ཆ་རྐྱེན་མངོན་གསལ་དུ་ལེགས་བཅོས་གཏོང་དགོས། 
གཙོ་གནད་མངོན་གསལ་དུ་བཞག་པ་དང་།  གཅིག་གྱུར་གྱིས་འཆར་འགོད་བྱེད་པ།  འོས་འཚམས་ཀྱིས་འཕེལ་རྒྱས་མགྱོ གས་པོ་གཏོང་བ།  མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  འགྲིམ་འགྲུལ་གྱིས་གཙོས་པའི་རྨང་གཞི་སྒྲིག་ཆས་བསྐྲུན་རྒྱུ་དམ་འཛིན་བྱེད་དགོས།  མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་ཆ་རྐྱེན་མངོན་གསལ་དུ་ལེགས་བཅོས་གཏོང་དགོས།
ལྔ།  ཕྱོགས་བསྡུས་འགྲིམ་འགྲུལ་གྱི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས།  གཞུང་ལམ་དང་ལྕགས་ལམ།  མཁའ་འགྲུལ་བཅས་ཀྱིས་གཙོ་གནད་བྱེད་པའི་འཕྲེད་ཕྱོགས་བཞི་དང་གཞུང་ཕྱོགས་བཞི།  ཕྱོགས་ལྔ་སྦྲེལ་བ།   འདུ་འགག་གསུམ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་ལམ་ཆེན་པོ་ཞིག་བསྐྲུན་དགོས།  མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་རྒྱབ་རྟེན་བྱེད་ནུས་མཐོ་རུ་གཏོང་གང་ཐུབ་བྱེད་དགོས།   གཙོ་གནད་དུ་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ།  ཁུལ་ནས་ཕྱིར་བགྲོད་པའི་གཞུང་ལམ།  ལྗོངས་རྒྱུའི་གཞུང་ལམ།  རྫོང་རིམ་པའི་གཞུང་ལམ་བཅས་ཀྱི་སྤུས་ཀ་མཐོར་འདེགས་དང་འཐུས་ཚང་དུ་གཏོང་དགོས།   རྒྱལ་སྲུང་གཞུང་ལམ318དང་རྒྱལ་སྲུང་གཞུང་ལམ317བཟོ་བཅོས་བྱ་རྒྱུའི་ཨར་ལས་ལེགས་འགྲུབ་ཡོང་བ་བྱེད་དགོས།   ཁྲོ་ལའི་ཕུག་ལམ་བསྐྲུན་དགོས།  ཆུ་ཚོད་གཉིས་ནང་ཚུན་གངས་དཀར་རི་བོ་སྐོར་བའི་ལྗོངས་རྒྱུའི་སྐོར་ལམ་དང་།  ཆུ་ཚོད་གཉིས་ནང་ཉིན་སྟེང་གནམ་གྲུ་ཐང་ས་ཁུལ་སྐོར་བའི་ལྗོངས་རྒྱུ་སྐོར་ལམ་སོགས་གཙོ་གནད་ཀྱི་ལྗོངས་རྒྱུ་འགྲུལ་ལམ་བསྐྲུན་པར་སྐུལ་འདེད་གཏོང་དགོས།  རྒྱལ་སྲུང་གཞུང་ལམ་དང་རྫོང་བགྲོད་གཞུང་ལམ་བསྐྲུན་པར་སྐུལ་འདེད་གཏོང་དགོས།  གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲེང་ཏུའུ་ནས་དར་མདོའི་བར་གྱི་ལྕགས་ལམ་ལས་འགོ་ཚུགས་དགོས།  ཉིན་སྟེང་གི་གནམ་གྲུ་ཐང་བསྐྲུན་དགོས།  དཀར་མཛེས་ཀྱི་གནམ་གྲུ་ཐང་ལས་འགོ་ཚུགས་ཐུབ་པ་བརྩོན་ལེན་བྱེད་དགོས།
དྲུག   གློག་དྲ་མགྱོ གས་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།  གློག་ཤུགས་སྟོང་ཝ500ལྡན་པའི་གློག་སྐྱེལ་གློག་སྒྱུར་གྱི་ཨར་ལས5གསར་སྐྲུན་བྱེད་དགོས།  ས་གནས་ཀྱི་གློག་དྲ་མགྱོ གས་པོ་བསྐྲུན་དགོས།  སྟོང་ཝ220མས་ཆད་ལྡན་པའི་གློག་དྲའི་སྒྲིག་གཞི་འཐུས་ཚང་གཏོང་དགོས།  གཞི་རྩའི་ཐོག་རྫོང་དང་།  ཤང་དང་གྲོང་རྡལ།  མཛེས་ལྗོངས་ས་ཁུལ་གཙོ་བོ།  གྲོང་ཚོ་དང་འབྲོག་དམངས་ཀྱི་གཞིས་ཆགས་ས་བཅས་བར་གྱི་གློག་དྲ་སྦྲེལ་ནས་ཁུལ་ཡོངས་ལ་གཅིག་གྱུར་གྱི་གློག་དྲ་ཆགས་པ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གློག་དྲ་དང་མཉམ་སྦྲེལ་བྱེད་དགོས།  ཟམ་མི་ཆད་པར་ཞིང་སྡེའི་གློག་དྲ་བསྐྲུན་པར་ཤུགས་སྣོན་རྒྱག་དགོས།  ཤུགས་ཆེན་པོས་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་ཞིང་སྡེའི་གློག་དྲ་བཟོ་བཅོས་བྱ་རྒྱུའི་ཨར་ལས་ལག་བསྟར་བྱེད་དགོས།  ཤུགས་ཆེན་པོས་མཐའ་འཁོབ་དང་།  ཐར་ཐོར་སྡོད་པའི་འབྲོག་དམངས་ཀྱིས་གློག་སྤྱོད་རྒྱུའི་གནད་དོན་ཐག་གཅོད་བྱེད་དགོས། 
བདུན། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་འཛུགས་སྐྲུན་དང་། གློག་དང་ཚ་དྲོད་མཁོ་འདོན། ཁོར་ཡུག་སྲུང་སྐྱོང་།ཆུ་ལོག་སྔོན་འགོག་སོགས་གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་འཐུས་ཚང་དང་མཐོར་འདེགས་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་དེ་ཞིང་འབྲོག་ས་ཁུལ་དུ་ཁེབས་ཐུབ་པར་སྐུལ་འདེད་གཏོང་དགོས།མཐོ་སྒང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་མངོན་ཐུབ་པ་དང་གྲོང་ཁྱེད་དང་གྲོང་རྡལ་མཛེས་བཟོའི་ལས་གྲྭ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་འཚོ་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས།
     བརྒྱད། ཆ་འཕྲིན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་ཆ་འཕྲིན་དྲ་བ་འཛུགས་སྐྲུན་མགྱོ གས་སུ་བཏང་ནས་ཆ་འཕྲིན་ཁེབས་ཚད་རྒྱ་སྐྱེད་གཏོང་བ་དང་ཆ་འཕྲིན་ཁྱབ་གདལ་གཏོང་ཚད་དང་སྤུས་ཚད་མཐོར་འདེགས་གཏོང་དགོས།
     དགུ། ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་རང་འབབ་ཆུའི་ཨར་ལས་བསྒྱུར་བཀོད་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་ཐོག་ཞིང་འབྲོག་མི་དམངས་ཀྱིས་ཉེན་མེད་འཐུང་ཆུ་རག་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཞིང་འབྲོག་ལས་རིགས་ཀྱི་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་རྐང་འཛིན་གྱི་ཆུ་བེད་ཨར་ལས་ཁག་གཅིག་བསྒྱུར་བཀོད་དང་གསར་སྐྲུན་བྱས་ནས་ཆུ་རྐ་ཆ་ཚང་སྒྲིག་པའི་ལས་ཀ་གཞི་རྩའི་ཐོག་འགྲུབ་པ་བྱེད་དགོས།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • དོ་སྣང་ཆེ་བའི་རྩོམ།