ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ(5)
(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།) 2010-12-20
གསུམ་པ། ཞིང་ལས་ཀྱི་རྨང་གཞིའི་ཐོབ་ཐང་ཇེ་ཆེ་རུ་གཏོང་བ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་གྱི་ལས་ཀ་མགྱོ གས་སུ་བྱེད་དགོས།
ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་དེས་གཙོ་གནད་བྱས་ནས་ཞིང་ལས་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེས་ཁ་ཕྱོགས་བྱས་ནས་ཞིང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་གྱི་ལས་ཀ་མགྱོ གས་སུ་བྱེད་དགོས།
བཅུ།ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ཆེ་རྐྱེན་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལྡན་གྱི་འབྲུ་འདེབས་ས་ཞིང་དང་།ཐོན་ཚད་དམའ་འབྲིང་གི་ས་ཞིང་བསྒྱུར་བཀོད་ཀྱི་ལས་ཀ་མགྱོ གས་སུ་བྱས་ནས་རྨོས་ཞིང་གི་སྤུས་ཚད་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་དགོས་པ་དང་། ནོར་ཕྱུགས་ཀྱི་ལྷས་ར་དང་དྲ་བསྐོར་རྩྭ་ར། མིས་བཟོས་གཟན་ཆགས་སོགས་ཀྱི་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས།
བཅུ་གཅིག ཞིང་འབྲོག་ལས་རིགས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་དང་སྐྱེ་ཁམས། ཁྱད་ཆོས་ལྡན་པ།སྤུས་དག ཕྱི་ཕྱོགས་སུ་ཁ་གཏད་པའི་ཞིང་འབྲོག་ལས་རིགས་སོགས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ནས་དང་། སྲན་མ།ཞོག་ཁོག ཡུངས་དཀར། འབྲས་ཤིང་སོགས་ཁྱད་ཐོན་དངོས་རྫས་ཚད་ལྡན་དུ་འགྱུར་རྒྱུའི་རྟེན་གཞི་འཛུགས་སྐྲུན་གྱི་ལས་ཀ་ནན་འཛིན་བྱེད་དགོས་པ་དང་། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་སོན་བཟང་རྒྱུད་བཟང་གསོ་སྤེལ་གྱི་རྟེན་གཞི། དཔེ་སྟོན་རྟེན་གཞི་བཅས་འཛུགས་སྐྲུན་དང་། ཏན་ཏིག་གིས་ནོར་ཕྱུགས་བཤས་ཁོངས་སུ་གཏོང་བ་དང་ཕྱིར་འཚོང་གི་ལས་ཀ་ཤུགས་ཆེན་བྱས་ནས། འགྲན་ནུས་ལྡན་པའི་སི་ཁྲོན་ནུབ་ཕྱོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་ཞིག་བསྐྲུན་དགོས། ཕྱག་ཕྲེང་དང་བྲག་འགོ ལྕགས་ཟམ་སོགས་ཀྱི་ཞིང་ལས་ཐོན་རྫས་གཅིག་བསྡུས་ལས་སྣོན་ས་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡུལ་བསྐྲུན་དགོས། དེ་བས་གཟིགས་སྐྱོང་གི་སྲིད་ཇུས་གཏན་འབེབས་བྱེད་པ་དང་ཤུགས་ཆེན་པོས་འབྲུག་མགོ་ལྟ་བུའི་ཁེ་ལས་ནང་འདྲེན་དང་གསོ་སྐྱོང་། རྒྱ་སྐྱེད་བཅས་བཏང་ནས། འབྲུག་མགོ་ལྟ་བུའི་ཁེ་ལས་ཀྱིས་ཞིང་འབྲོག་ལས་རིགས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་ཁྲིད་ཀྱི་ནུས་པ་ཇེ་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ཚོང་ཟོག་ཏུ་འགྱུར་ཚད་དང་ཟུར་སྣོན་རིན་ཐང་མཐོར་འདེགས་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་དགོས། ཕྱི་ཡུལ་གྱི་ཁེ་ལས་ནང་འདྲེན་བྱེད་གང་ཐུབ་བྱས་ནས་འགན་གཙང་ལེན་དང་བདག་གཉེར་བྱེད་བཅུག་པ་དང་།ཚོང་ཟོག་མངག་ཐོའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་།ཕན་འབྲས་ལྡན་པའི་ནགས་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
བཅུ་གཉིས། ཞིང་འབྲོག་ལས་རིགས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། སྲོག་ཆགས་དང་རྩི་ཤིང་གི་འགོས་ནད་སྔོན་འགོག་དང་ཞིབ་བཤེར་གྱི་མ་ལག་དང་།གཟན་རྩྭའི་སོན་བཟང་གསོ་སྤེལ་གྱི་མ་ལག རྩྭ་ཐང་ལྟ་ཞིབ་དོ་དམ་གྱི་མ་ལག ཞིང་ལས་ཁྱབ་སྤེལ་གྱི་མ་ལག ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་མ་ལག་བཅས་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས།
བཅུ་གསུམ། ཏན་ཏིག་གིས་དབུལ་སྐྱོར་གསར་སྦོལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་ཆེད་དམིགས་རྣམ་གྲངས་ཀྱི་དབུལ་སྐྱོར་གསར་སྦོལ་གྱི་མ་དངུལ་དང་དབུལ་སྐྱོར་ཐད་སྐྱེད་ཀ་སྤྲོད་པའི་དངུལ་བུན་དེ་བས་མང་པོ་བརྩོན་ལེན་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས།
བཅུ་བཞི། ཐབས་ལམ་སྣ་མང་གི་ཐོག་ནས་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱེད་དགོས། ཞིང་སྡེའི་དཔལ་འབྱོར་མཉམ་ལས་ཀྱི་རྩ་འཛུགས་དང་ཚོང་ཟོག་མངག་ཐོའི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་པའི་འདེབས་གསོ་ལས་རིགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱེད་དགོས།
བཅོ་ལྔ། ཧུར་ཐག་གིས་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་དེ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པ་ཆུང་དུ་གཏོང་བ། ཐུན་མོང་དུ་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་རོལ་བ་བཅས་ལ་སྐུལ་འདེད་གཏོང་བའི་ཕར་རྒོལ་བྱེད་ས་དང་འཐབ་ཇུས་ཀྱི་ལས་འགན་ཞིག་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་དང་ཡུན་རིང་དམ་འཛིན་བྱེད་དགོས། “སྡོད་ཁང་གི་ཕྱིའི་བཟོ་དབྱིབས་ཁྱད་ཆོས་ཅན་དང་ནང་གི་སྒྲིག་ཆས་དེང་རབས་ཅན། ཕྱི་ཕྱོགས་ཀྱི་ཁོར་ཡུག་མཛེས་སྡུག་ཅན། སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་བཅས་འགྱུར་བའི”བླང་བྱ་ལ་གཞིགས་ནས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་མགྱོ གས་སུ་གཏོང་བ་དང་འབྲོག་མི་ཁྱོན་ཡོངས་ནས་གཞིགས་ཆགས་གཏན་སྡོད་ཡོང་བར་བྱེད་དགོས། ཞིང་འབྲོག་ས་ཁུལ་གྱི་ཉེན་ཆེའི་སྡོད་ཁང་བསྒྱུར་བཀོད་དང་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་ལས་ཀ་མགྱོ གས་སུ་བྱེད་དགོས། ཞིང་སྡེའི་གཞུང་ལམ་བསྒྱུར་བཀོད་ཤུགས་ཆེན་བྱེད་པ་དང་། ཤང་(གྲོང་བརྡལ)དང་། ཞིང་ར་(ནགས་ར)ཡི་སྣུམ་སྙིགས་གཞུང་ལམ་དང་གྲོང་ཚོ་ཡོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ། “ཟམ་པ་སྟོང་གི་ཨར་ལས”བཅས་ལག་བསྟར་གཙོ་གནད་བྱེད་དགོས་པ་དང་།ཞིང་སྡེའི་འཕྲུལ་རྨོས་གཞུང་ལམ་དང་འབྲོག་པའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཀ་མགྱོ གས་སུ་བྱེད་དགོས། རྫབ་རླངས་དང་སྐྱེ་ཁམས་ཀྱི་ནུས་ཁུངས། ཉི་ནུས།རླུང་ནུས་སོགས་གཙང་སྦྲའི་ནུས་ཁུངས་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་།དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་དར་སྤེལ་གཏོང་བའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས།
བཞི་པ། དགེ་མཚན་ལྡན་པའི་ཐོན་ལས་གསར་སྦོལ་མགྱོགས་སུ་བྱེད་པ་དང་།ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་ཤུགས་ཆེན་བྱེད་དགོས།
མཆོང་བརྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ངེས་པར་དུ་ཁུལ་ནང་གི་དོན་དངོས་ལ་དམིགས་ནས་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྦོལ་བྱེད་པའི་ལས་ཀ་མགྱོགས་སུ་བྱེད་དགོས་པ་དང་།ཤུགས་ཆེན་པོས་ཀ་སྐྱོར་ཐོན་ལས་གསོ་སྐྱོང་བྱས་ནས་ཁྱད་ཆོས་མངོན་གསལ་དང་དགེ་མཚན་འབུར་ཐོན་ཡིན་པའི་ཐོན་ལས་ཀྱི་རྣམ་པ་ཆགས་དགོས།
བཅུ་དྲུག སྐྱེ་ཁམས་ནུས་ཁུངས་ཀྱི་ལས་རིགས་གསར་སྦོལ་མགྱོགས་སུ་བྱེད་དགོས། རྒྱལ་ཁབ་ཀྱིས་ཆུ་གློག་གསར་སྦོལ་ཇེ་མགྱོ གས་སུ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས་འབྲུ་ཆུ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ། ཉག་ཆུ་བཅས་གཞུང་རྒྱུན་གྱི་ཆུ་གློག་ས་ཚུགས་ཆེ་གྲས་དང་རིམ་པ་དང་པོ་དང་གཉིས་པའི་ཆུ་ཕྲན་གྱི་ཆུ་གློག་ས་ཚུགས་འབྲིང་རིམ་འཛུགས་སྐྲུན་ལས་ཀར་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་ཉི་ནུས་དང་རླུང་ནུས། ས་འོག་ཚ་ནུས། སྐྱེ་དངོས་ཀྱི་ནུས་པ་སོགས་ཀྱི་ནུས་ཁུངས་གསར་པ་འཕེལ་རྒྱས་གཏོང་བ་དང་། བྲག་འགོ་རྫོང་གི་ཉི་ནུས་གློག་འདོན་ཚོད་ལྟ་ས་ཚུགས་སྐྲུན་པའི་ལས་ཀ་ཡག་པོ་འཛིན་པ། གཡག་རྔ་ནས་དར་མདོ་བར་གྱི་རང་བྱུང་སོལ་རླངས་གཏོང་འདྲེན་གྱི་ལས་གྲྭ་ཞིབ་འཇུག་གི་ལས་ཀ་སྤེལ་དགོས།