ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ(3)
(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།) 2010-12-20
—རྨང་གཞི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་མངོན་གསལ་ཡོང་བ་བྱེད་དགོས། འགྲིམ་འགྲུལ་ཐད་ཀྱི་རྨང་གཞི་སྒྲིག་ཆས་བསྐྲུན་པར་གྲུབ་འབྲས་ཆེན་པོ་ཐོབ་པ་བྱས་ནས་གཞུང་ལམ་བགྲོད་བདེའི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཞི་རྩའི་ཐོག་གཞུང་ལམ་དང་། གནམ་གྲུ་ཐང་། ལྕགས་ལམ་བཅས་ཕྱོགས་བསྡུས་འཕེལ་རྒྱས་གཏོང་བའི་སྣ་མང་ཅན་དང་མགྱོ གས་མྱུར་ཅན་གྱི་འགྲིམ་འགྲུལ་གྱི་དྲ་བ་ཆེན་པོ་ཞིག་ཆགས་ཐུབ་པ་བྱ་རྒྱུ་དང་། གློག་དྲ་བསྐྲུན་རྒྱུ་ཚད་རྒལ་རང་བཞིན་གྱི་གོང་འཕེལ་གཏོང་རྒྱུ། གློག་ཤུགས་ཕྱིར་གཏོང་བའི་བགྲོད་ལམ་ཆེན་པོ་གཞི་རྩའི་ཐོག་ཆགས་ཐུབ་པ་བྱ་རྒྱུ། ཁུལ་ནང་ཁོངས་ཀྱི་རྫོང་དང་ཤང་བར་གྱི་གློག་དྲ་གཞི་རྩའི་ཐོག་སྦྲེས་ཐུབ་པ་བྱ་རྒྱུ། ཆུ་བེད་ཀྱིས་གཙོ་བོ་བྱེད་པའི་ཞིང་ལས་རྨང་གཞིའི་སྒྲིག་ཆས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས། འཕྲིན་ཡིག་གཏོང་བའི་རྨང་གཞི་སྒྲིག་ཆས་བཅས་བསྐྲུན་པར་གོང་འཕེལ་མངོན་གསལ་ཡོང་བ་བྱ་རྒྱུ་བཅས་རེད།
—མཐུན་རྐྱེན་ཡག་པོ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་དགོས། སྐྱེ་ཁམས་ཀྱི་ནུས་ཁུངས་ལས་རིགས་དང་། ལྗོངས་རྒྱུ་ལས་རིགས། སྐྱེ་ཁམས་ཀྱི་ཞིང་འབྲོག་ལས་རིགས།
མཐུན་རྐྱེན་ཡག་པོའི་གཏེར་ལས་ལས་རིགས་བཅས་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད་མངོན་གསལ་ མཐོ་རུ་གཏོང་རྒྱུ། འཕར་སྣོན་གྱི་རིན་ཐང་དེས་རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་གྲངས་ནང་གི་བཟུང་ཚད་བརྒྱ་ཆ70ཐོག་སླེབས་པ་བྱ་རྒྱུ། སི་ཁྲོན་གྱི་གློག་ཤུགས་ཞིང་ཆེན་ཕྱིར་སྐྱེལ་བའི་གལ་འགངས་ཆེ་བའི་ཆུ་གློག་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་རྟགས་ཀྱི་ལྗོངས་རྒྱུ་ས་ཁུལ། སི་ཁྲོན་ནུབ་ཕྱོགས་ཀྱི་མཐོ་སྒང་གི་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་རྟེན་གཞི། གཏེར་རྡོ་འཚོལ་བ་དང་། བདམས་པ། བཞུ་བ་བཅས་གཅིག་བསྡུས་ཅན་དུ་འགྱུར་བའི་གཏེར་ལས་ཀྱི་ཆགས་སྟངས་ཤིག་ཆགས་ཐུབ་པ་བྱ་རྒྱུ། སྐྱེ་ཁམས་སྨན་བཅོས་ལས་རིགས་དང་མི་རིགས་རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོ གས་པོ་གཏོང་རྒྱུ་བཅས་རེད།
—མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཆེས་ཆེར་གཏོང་དགོས། གྲོང་རྡལ་དང་གྲོང་ཁུལ་ཡུལ་མིའི་ཡོང་འབབ་ཡོངས་ཁྱབ་ཏུ་འཕར་སྣོན་མགྱོ གས་ཙམ་ཡོང་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་མི་གྲངས་ཉུང་དུ་ཆེས་ཆེར་གཏོང་རྒྱུ། གྲོང་ཁུལ་དང་གྲོང་གསེབ་ཀྱི་ལས་ཞུགས་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། གྲོང་ཁུལ་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཀ་ཤོར་མཁན་བརྒྱ་ཆ4.5ནང་ཚུན་ཚོད་འཛིན་བྱ་རྒྱུ། སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་ལྷག་པར་འཐུས་སྒོ་ཚང་དུ་གཏོང་བ་བྱ་རྒྱུ། ཞིང་སྡེའི་རྣམ་པ་གསར་པའི་སྤྱི་ཚོགས་འགན་སྲུང་གི་ཉེན་འགོག་ལམ་ལུགས་ཞིང་སྡེ་ཡོངས་སུ་ལག་བསྟར་བྱེད་བྱ་རྒྱུ། གྲོང་ཁུལ་དང་གྲོང་རྡལ་ཡུལ་མིའི་སྡོད་སའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་ཡོང་བ་བྱ་རྒྱུ། ཞིང་འབྲོག་ས་ཁུལ་གྱི་འཚོ་བ་སྐྱེལ་སྟངས་དེང་རབས་ཅན་དང་དཔལ་ཡོན་ལྡན་པ་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ།
— རྩ་བའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས། སྒོ་ཀུན་ནས་སློབ་གཉེར་གྱི་ཆུ་ཚད་དང་སློབ་གསོའི་སྤུས་ཀ་མཐོ་རུ་གཏོང་རྒྱུ། ངལ་རྩོལ་མི་ལག་གཙོ་བོར་ཆ་སྙོམས་སློབ་གསོ་ཐེབས་ཚད་ལོ8ཡན་ཆད་ཐོག་སླེབས་པ་བྱ་རྒྱུ། གཞི་རྩའི་ཐོག་མི་ཚང་མས་ཐོག་མའི་ལུས་ཁམས་བདེ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ། བརྒྱ་ཆ90ཡན་ཆད་ཀྱི་མི་གྲངས་ཀྱིས་རྒྱང་བསྒྲགས་དང་བཪྙན་འཕྲིན་ལྟ་ཉན་ཐུབ་པ་བྱ་རྒྱུ། གྲོང་རྡལ་དང་གྲོང་ཁུལ་ཡུལ་མིར་ཕན་ཐོགས་པའི་རྩ་བའི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་རྒྱུ། ལམ་ལ་འགྲོ་དཀའ་བ་དང་སློབ་གྲྭར་ཞུགས་དཀའ་བ། ནད་བསྟེན་དཀའ་བ། འཕྲིན་ཡིག་གཏོང་མི་བདེ་བ། གློག་སྤྱོད་རྒྱུ་རག་དཀའ་བ་བཅས་ཀྱི་གནད་དོན་གཞི་རྩའི་ཐོག་ཐག་གཅོད་བྱེད་དགོས།
—སྐྱེ་ཁམས་ཁོར་ཡུག་དེ་བས་ཡག་པོ་ཡོང་བ་བྱ་རྒྱུ། ནགས་ཚལ་དང་རློན་གཤེར་ཆེ་བའི་ས་ཆ། རྩྭ་རའི་སྐྱེ་ཁམས། སྐྱེ་དངོས་སྣ་མང་ཅན་ཚང་མར་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པ་དང་། ནགས་ཚལ་གྱི་ཁེབས་ཚད་སྔར་ལས་ལྷག་པར་རྒྱ་ཆེ་རུ་གཏོང་དགོས། འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གྱི་གལ་འགངས་ཆེ་བའི་འགོག་རགས་ཐོག་མར་བསྐྲུན་དགོས།
—སྤྱི་ཚོགས་དེ་བས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་བྱེད་དགོས། གཞི་རིམ་སྲིད་དབང་འཛུགས་སྐྲུན་དེ་བས་སྲ་བརྟན་དུ་གཏོང་བ་དང་། དམངས་གཙོ་དང་ཁྲིམས་སྲོལ་དེ་བས་འཐུས་ཚང་བྱེད་པ། སྤྱི་ཚོགས་དོ་དམ་བྱེད་ལུགས་དེ་བས་རིག་ཚན་དང་མཐུན་པ། སྤྱི་ཚོགས་ཀྱི་འབྲེལ་བ་དེ་བས་འཆམ་མཐུན་ཡིན་པ། སྤྱི་ཚོགས་ཐོག་གི་བརྟན་བརླིང་མིན་པའི་རྒྱུ་རྐྱེན་མངོན་གསལ་དུ་ཉུང་དུ་གཏོང་བ་། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་མངོན་གསལ་ལེགས་བཅོས་གཏོང་བ། ཚོགས་མང་ཅན་གྱི་དོན་རྐྱེན་འབུད་ཚད་དང་། ཉེས་དོན་གྱི་གྱོ ད་གཞི་ཆེས་ཤོས་འབུད་ཚད་མངོན་གསལ་དུ་ཉུང་དུ་གཏོང་བ། མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་སྤྱི་ཚོགས་ཁོར་ཡུག་རྒྱུན་མཐུད་དུ་ཡག་པོ་ཡོང་བ་བྱ་རྒྱུ་བཅས་རེད།