ཨ་མར་བསྟོད་པ།

ཨུ་དཔལ་སྐྱིད།        2020-11-26

ངའི་དྲིན་ཆེན་ཨ་མ་ནི་བྱམས་སྙིང་རྗེ་ལྡན་ཞིང་། བཟང་ཡོན་ཏན་འཛོམས་པའི་མཛངས་མ་ཞིག་ཡིན། ངའི་དྲིན་ཆེན་ཨ་མ་ནི་འཇིག་རྟེན་འདི་ན་འགྲན་ཟླ་མེད།

ཨ་མ་ཁྱེད་ཀྱི་བཀའ་དྲིན་མིན་ན་ངས་མཛེས་སྡུག་རྣམ་པར་བཀྲ་བའི་འཇིག་རྟེན་འདི་མཐོང་མི་ཐུབ་ལ། ཨ་ཕ་དང་ཕུ་བོ་ཨ་ཅེ་ནུ་བོ་ནུ་མོ་ཚོ་ཡང་མཐོང་མི་ཐུབ། ཨ་མ་ལགས། བཀའ་དྲིན་ཆེ། ཁྱེད་ཀྱིས་ང་ལ་གཅེས་སུ་འོས་པའི་ཚེ་སྲོག་འདི་གནང་ནས་ཆུང་བྱིས་པའི་དུས་ནས་ཟས་ཞིམ་པོ་ཞིག་ཡོད་ན་ང་ལ་བྱིན། གོས་དྲོན་པོ་དང་ཡག་པོ་ཞིག་ཡོད་ན་ང་ལ་ཉོས་ནས་ཁྱེད་ཀྱིས་སྒོར་མོའི་ཕྱོགས་ནས་ཀྱང་དཀའ་ལས་མང་པོ་མྱངས་ཡོད། ཡིན་ན་ཡང་དེའི་དུས་ངས་བསམ་མི་ཤེས་པའི་རྐྱེན་གྱིས་ཨ་མ་ཁྱེད་ལ་ལྟོགས་སྐོམ་དང་གྲང་ངར་གྱི་སྡུག་བསྔལ་ཨེ་ཡོད་ཅེས་འདྲི་མ་མྱོང་།

ཨ་མ་ལགས། ཁྱེད་ནི་ངའི་མི་ཚེ་འདིའི་ལམ་སྟོན་ཡིན་ལ། ཁྱེད་ནི་ངའི་མི་ཚེ་འདིར་མེད་དུ་མི་རུང་བའི་མི་དེ་ཡིན། ཨ་མ་ལགས། ཁྱེད་ནི་ངའི་མི་ཚེ་འདིར་ཆེས་བརྗེད་མི་རུང་བའི་དྲིན་ཆེན་གྱི་མ་ལོ་དེ་ཡིན་ནོ།།

  • ལེ་ཚན་སྔོན་མ།:བདག་གི་བོད་ཡིག་དཔེ་ཆ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་ མཛེས་སྡུག