ང་ཡི་ཕ་ཡུལ།

ཡེ་ཤེས་མཚོ་མོ།        2020-07-27

     གལ་ཏེ་ང་རང་རི་མོ་མཁས་ཅན་ཞིག་ཡིན་ཚེ་ངས་ས་ལའི་སྨན་ལྗོངས་དེ་རི་མོའི་ཐོག་ནས་འབྲི་སྲིད། གལ་ཏེ་ང་རང་གཞས་མ་ཞིག་ཡིན་ཚེ་ངས་རང་གི་ཕ་ཡུལ་ལ་སྙན་འཇེབས་གླུ་ཡིས་བསྟོད་སྲིད།

     ང་རང་ཆུང་སྦར་མོ་གང་ནས་ད་བར་སྐྱེ་ས་འཚར་ས་ནི་མཛེས་སྡུག་ལྡན་པའི་ཕ་ཡུལ་ཡིན། འཇིག་རྟེན་འདིའི་ཐོག་གནས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་མཛེས་སྡུག་ལྡན་པའི་ཕ་ཡུལ་རེ་ལོས་ཡོད། ངའི་ཕ་ཡུལ་གངས་ལྗོངས་ས་མཐོའི་སྟེང་དུ་གནས་ཡོད་པ་དང་འདིར་ས་བབས་མཐོ་ཞིང་།དགུན་ཁ་གྲང་ངར་ཆེ་བ། མཁའ་རླུང་ཧ་ཅང་གཙང་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པ།དཔེར་ན། འབྲོག་ཁུལ་དུ་ཤ་མར་ཐུད་གསུམ་དང་ཞིང་པའི་ཁུལ་དུ་གྲོ་ནས་སྲན་གསུམ་སོགས་རོ་བཅུད་ཆེ་བ་དང་བཀྲེས་ལྟོགས་ཀྱི་སྡུག་

      བསྔལ་སྤུ་ཙམ་མེད་པ། དབྱར་དགུན་སྟོན་དཔྱིད་ཀྱི་ཡུལ་ལྗོངས་དེ་ཡི་གར་འོང་བ་ཞིག་ཡོད་པ་དང་། དབྱར་ཁ་སྔོ་བསངས་ཀྱི་ནམ་མཁའ་དང་རི་བོ། དྭངས་གཙང་གི་ཆུ་མོ། སྔོ་ལྗང་གི་རྩྭ་ཐང་། ལང་ལོང་དུ་འབབ་པའི་གཙང་པོ་སོགས་ཀྱིས་སྐྱེ་བོ་དུ་མའི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པར་བྱས་ཡོད། སྟོན་དུས་ནོར་འཛིན་དགའ་མ་གསེར་གྱི་ཁུ་བ་བྱུགས་པ་དང་འདྲ་བར་སེར་ལམ་ལམ་བྱེད་པ་དང་། ངལ་རྩོལ་མི་དམངས་རྣམས་ཞིང་ནང་དུ་ལོ་ཏོག་གི་འབྲས་བུ་བསྡུ་ལེན་བྱེད་ཀྱིན་འདུག སོ་ནམ་པ་རྣམས་ཀྱིས་ངོ་གདོང་ལས་སྟོན་དུས་འབྲས་བཟང་སྨིན་པའི་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག དགུན་ཁར་ཕ་ཡུལ་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ས་འཛིན་རྣམས་དཀར་གཙང་གི་གོས་དཀར་གཡོགས་པ་དང་འདྲ། གལ་ཏེ་ཁྱེད་རང་ངའི་ཕ་ཡུལ་དུ་ལན་ཅིག་འབྱོར་ན་སྐུ་ངོ་མས་ངའི་ཕ་ཡུལ་གྱི་མཛེས་ལྗོངས་མྱངས་སུ་མྱོང་ཐུབ།

       ཨེ་མ། དུས་ད་ལྟ་ནས་འགོ་བཙུགས་ཏེ་ཤེས་བྱ་རིག་གནས་ཀྱི་གནས་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་གཡུར་ཟའི་འབྲས་བུ་བཟང་པོས་མ་འོངས་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་རང་ནུས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བཅངས་བཞིན་ཡོད།

 

  • ལེ་ཚན་སྔོན་མ།:སྙིང་གཏམ་སྙིང་གི་རླབས་ཕྲེང་།
  • ལེ་ཚན་རྗེས་མ།:ལྷད་མེད་ཀྱི་བརྩེ་སེམས།