ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

བསྟན་འཛིན་སྒྲོལ་མ།        2020-07-02

    གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ན་ངས་རླབས་ཆེན་ཏང་གི་བཀའ་དྲིན་རྣམས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་ལ་བརྟེན་ནས་ཀློག་པ་པོ་རྣམས་ལ་བཤམས་སྲིད།གལ་ཏེ་ང་རང་ལྷ་མོ་དབྱངས་ཅན་མ་ལྟ་བུའི་གར་མཁན་མ་ཞིག་ཡིན་ན་ངས་བརྗེད་ཐབས་མེད་པའི་ཏང་གི་བཀའ་དྲིན་རྣམས་གར་གྱི་སྟངས་སྟབས་ལ་བརྟེན་ནས་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བཤམས་སྲིད།འོན་ཀྱང་ང་ནི་ཏང་གི་བཀའ་དྲིན་གྱིས་བསྐྱངས་ནས་འཚར་ལོངས་བྱུང་བའི་དར་དམར་འོག་གི་མཐོ་རིམ་སློབ་འབྲིང་གི་སློབ་མ་དཀྱུས་མ་ཞིག་ཡིན་པས་ན་ངས་བརྗེད་པར་དཀའ་བའི་རླབས་ཆེན་ཏང་གི་བཀའ་དྲིན་རྣམས་ཆུང་ཆུང་ཡིག་ཆུང་ལ་དགོད་རྒྱུ་ལས་གཞན་ཅི།

    ཏང་དབུ་བརྙེས་པའི་བསིལ་འཇམ་གྱི་རླུང་བུ་དེ་ཁ་བའི་ལྗོངས་ལ་གདངས་པ་ནས་བཟུང་གངས་ལྗོངས་ས་མཐོའི་སྟེང་བདེ་སྐྱིད་ཀྱི་ཉི་མ་ཤར་ནས་ང་དང་ང་འདྲ་བའི་གྲོང་གསེབ་ནས་ཡོང་པའི་སློབ་མ་རྣམས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པར་མ་ཟད་ལྟོ་གོས་ལ་སེམས་ཁྲལ་མེད་པའི་ཐོག་ནས་རང་ཉིད་ཀྱི་སློབ་སྦྱོང་རང་ཉིད་ཀྱིས་བྱེད་པའི་སྐལ་པ་བཟང་པོ་ཐོབ་པས་དེ་དག་ནི་ཚང་མ་ཏང་གི་བཀའ་དྲིན་ཡིན་པ་བློ་ལ་ངེས་ནས། དེ་རིང་ཀྱག་ཀྱོག་ཡིག་ཆུང་ལ་བརྟེན་ནས་ཏང་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་སྙིང་དབུས་ནས་ཞུ་རྒྱུ་ཡིན།

    རེད་ཨང་། གལ་ཏེ་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཞིང་འབྲོག་མི་དམངས་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་གང་ནས་ཡོང་སྲིད་ལ་སྡོད་ཁང་གསར་པ་བརྒྱབ་པ་དང་ཞིང་སྐྱོར་ཆུ་མཛོད་བཟོས་པ་ཞིང་གྲོང་གི་རྒན་ཁོག་ཐམས་ཅད་ལ་རང་ཉིད་ལ་འཚོ་བའི་མཁོ་ཆས་ཉོ་བྱེད་དང་བེད་སྤྱོད་གཏོང་ཆེད་ཚང་མ་རང་ཉིད་ཀྱི་ཕྲུ་གུར་རེ་མི་དགོས་པའི་ལོ་བརྒྱད་བཅུ་སླེབས་ན་བརྒྱ་བཅུའི་དངུལ་དང་ལོ་དྲུག་ཅུར་སླེབས་ན་དྲུག་ཅུའི་དངུལ་སོགས་རང་ཉིད་ཀྱི་ཕྲུ་གུ་ལས་ལེགས་པའི་རྒྱབ་སྐྱོར་དང་རོགས་རམ་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པ་ལས་གཞན་ཅི།

    ཨེ་མ་བྱམས་བརྩེ་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་རང་ཉིད་དར་དམར་འོག་ཏུ་ནར་སོན་པའི་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ཁྱེད་ཀྱི་བཀའ་དྲིན་ནི་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་།

    བྱམས་བརྩེའི་མ་དང་འདྲ་བའི་ཀྲུང་གོ་གུང་ཁྲན་ཏང་དེ་རིང་འདིར་གུས་མོས་ཀྱག་ཀྱོག་གནས་ཆུང་ལ་བརྟེན་ནས་ཁྱོད་ཀྱི་བྱམས་བརྩེའི་ཉི་གསེར་བདག་ཚོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་དེ་བས་ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞེས་སྙིང་དབུས་ནས་ཞུ་རྒྱུ་ཡིན།།


  • ལེ་ཚན་སྔོན་མ།:མེས་རྒྱལ་ལ་བསྔགས་པ།
  • ལེ་ཚན་རྗེས་མ།:གཏན་ཚིགས།