མེས་རྒྱལ་གྱི་བསྟོད་དབྱངས་དཔྱིད་ཀྱི་སྦྲང་ཆར།

ངག་དབང་འཕྲིན་ལས།        2019-10-04

    ང་རང་ཚིག་སྦྱོར་བང་མཛོད་ཕྱུག་པའི་སྙན་ངག་མཁན་པོ་ཞིག་ཡིན་ན། ངས་སྙན་འཇེབས་ལྡན་པའི་ཚིག་སྦྱོར་ལ་བརྟེན་ནས། མ་ཡུམ་མེས་རྒྱལ་ལ་བཅངས་པའི་བརྩེ་བ་དེ་བྲིས་ཆོགང་རང་པིར་རྩལ་ལ་མཁས་པའི་རི་མོ་མཁན་ཅིག་ཡིན་ན། ངས་ཁ་དོག་སྣ་ལྔའི་མཚོན་རིས་ལ་བརྟེན་ནས། མཐོན་པོར་བསྒྲེངས་པའི་སྐར་ལྔའི་དར་དམར་ཞིག་བྲིས་མཆོགམཚམས་འདིར། ངས་ཐར་ཐོར་ཚིག་གི་ཕྲེང་བར་བརྟེན་ནས། རླབས་ཆེན་མེས་རྒྱལ་གྱི་མཛད་འཕྲིན་དག་ལ་བསྟོད་པ་ཞིག་འབུལ་འདོད།

    རེད་ཡ། ཁྱེད་ཀྱི་སྲིད་ཇུས་བཟང་པོའི་འོད་ཟེར། ཉེ་རིང་མེད་པར་འཇིག་རྟེན་ཀུན་ལ་འཕྲོས་པ་དང་དུས་མཚུངས། བོད་ཀྱི་སྲིད་ཇུས་བྱ་གཞག་ལའང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་། སྲིད་ཇུས་བཟང་པོ་དེ་ལྟ་བུ་ཞིག་གི་འོག་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཐབས་ཇུས་རབ་དང་རིམ་པ་བཏོན་ཏེ། བོད་གསར་འཛུགས་སྐྲུན་བྱེད་པའི་ལམ་བར་དུ་ཏང་དང་མི་དམངས་ལྷན་དུ་ཆར་རླུང་དྲག་པོ་གདོང་གིས་བསུས་ཡོད། དེ་ནི་དོན་དམ་པའི“སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང”ཞེས་པ་ཅིས་མ་ལགས་སམ།

    མེས་རྒྱལ་ལགས། འདས་ཟིན་པའི་དཀའ་སྡུག་གི་ལོ་ཟླ་སྐྱ་མོ་ཁྱེད་ཀྱིས་བསྒྲལ་ཅིང་། མི་དམངས་ཡོངས་ལ་བདེ་སྐྱིད་ཀྱི་འཚོ་བ་སྦྱིན། དེང་འགྱུར་ཁུག་སྙན་མོའི་རྒྱལ་གླུའི་ཁྲོད་དུ་སྐར་ལྔའི་དར་དམར་བསྐྱལ་ཅིང་། རྒྱལ་གླུ་ཡི་བདུད་རྩིས་སེམས་ལྡན་ཀུན་ལ་སྤྲོ་བ་བརྟས། མདོར་ན། ཁྱེད་ཀྱི་དཀའ་སྤྱད་ཀྱི་མྱོང་བ་དང་། འོད་སྟོང་འབར་བའི་ད་ལྟས། ངེད་ཚོའི་མི་ཚེ་ལ་གཡོ་འགུལ་ཚད་མེད་ཐེབས།

    མེས་རྒྱལ་ལགས། ང་ཚོ་ནི་ས་ཞིང་གཤིན་པོའི་ནང་གི་ས་བོན་ཞིག་དང་ཉི་འོད་འཇམ་པོའི་འོག་གི་ཉི་མ་མེ་ཏོག་ཅིག་ཡིན་ན། ཁྱེད་ནི་ངེད་ཚོར་བཅུད་དང་དྲོད་བཤེར་བསྩལ་མཁན་ཉག་ཅིག་ལགས། དེས་ན། ངེད་ཚོས་ཁྱོད་ལ་ངོ་སོ་བསྟོད་ཕྱིར། ངེད་ཚོས་ཁྱེད་ཀྱི་སྟོབས་འབྱོར་སྔར་བས་རྒྱས་པ་དང་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་ཆེད། གནས་ལྔ་རིག་པའི་རྒྱ་མཚོར། བརྩོན་འགྲུས་ཀྱི་གྲུ་གཟིངས་སྐྱ་བས་བསྐུལ་ཏེ། ཁྱེད་ཀྱི་བཀའ་དྲིན་འཇལ་བར་བརྩོན།། 


  • ལེ་ཚན་སྔོན་མ།:མེས་རྒྱལ་ལ་བསྟོད་པའི་གླུ་དབྱངས་ལེན།
  • ལེ་ཚན་རྗེས་མ།:ཁྱོད་ནི་སློབ་ཆེན་པ་རེད། ཡིན་ན་ཡང་ཁྱོད་ཅི་ཡང་མ་རེད།