ཀྲུང་ཧྭ་གསར་བ། འཕེལ་རྒྱས་གསར་བ།

མགར་ཐང་དཀར།        2019-09-23


    དེ་ཡང་སྤྱིར་ན་མི་རིགས་མང་པོ་ཞིག་གོང་བུ་གཅིག་ལ་དབུ་ཚུགས་དགོས་ཚེ་དེ་ལ་དཀའ་ལས་དང་ཕྱོགས་ཡོངས་ནས་ཐོབ་ཤོར་གང་མང་ཞིག་གི་བརྒྱུད་རིམ་ཉུལ་དགོས་པ་གསལ་ཁ་གཅོད་ཐུབ་པ་ཞིག་ཡིན་མོད། རང་རེའི་ཀྲུང་ཧྭ་མི་རིགས་ལ་མཚོན་ན་དཀའ་ལས་ལས་ལྷག་པས་དཀའ་ལས་དགུ་བརྩེགས་དང་། ཚེ་སྲོག་ལས་འདས་པའི་ཚེ་སྲོག་མང་པོ་ཞིག་ཀྲུང་ཧྭ་གསར་འཛུགས་ཀྱི་དོན་དུ་ལས་ཤོར་དང་སྲོག་ཤོར་གྱི་གནས་ཚུལ་མང་དུ་བྱུང་མྱོང་།


    ངེད་ཀྲུང་ཧྭ་མི་དམངས་ཀྱི་མི་རིགས་སོ་སོས་གནའ་ནས་བཟུང་མཐུན་སྒྲིལ་དང་གཅིག་སྤུན་གཅིག་གྲོགས་ཀྱི་གཤིས་ལུགས་བརྟན་སྲུང་བྱས་ནས་དངོས་ཤུགས་དང་སེམས་ཤུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་བར་མ་ཟད། འཕེལ་རྒྱས་ཆེ་བའི་མི་རིགས་དང་རྒྱལ་ཁབ་ཁག་ལ་སློབ་སྤྱོང་བླ་ལྷག་བགྱིས་ཏེ་ལོ་འཁོར་བདུན་ཅུ་ལྷག་ཁད་ཀྱིས་བསྐྱལ་བ་རེད། འོ་ན་ད་ལྟ་ནི་རང་རེའི་ཀྲུང་ཧྭའི་འཕེལ་རྒྱས་ཀྱི་ལམ་བུ་ག་ཙམ་རེད་ཟེར་ན། ད་ལྟ་རང་རེའི་ཀྲུང་ཧྭ་ནི་མཚར་སྡུག་འོད་ཀྱི་ཕུང་བོ་མངོན་སུམ་དུ་མངོན་ཡོད་པར་མ་ཚད་ཤེས་ཡོན་གསེར་གྱི་ལྡེ་མིག་ལག་མཐིལ་ལ་བྲིས་ཡོད་ཅེས་བཤད་ནའང་ལབ་ཏུ་མི་འགྲོ་བར་སྙམ། སྤྱིར་ན་མི་རིགས་ཤིག་འཕེལ་རྒྱས་སམ་རྒྱལ་ཁབ་ཅིག་དར་རྒྱས་སུ་གཏོང་དགོས་ཚེ་དེ་ལ་ཆེད་དམིགས་ཀྱི་ཆ་རྐྱེན་མང་ཙམ་གདའ་བར་སྙམ།


    རེ་རེ་བཞིན་དྲངས་ན། མི་རིགས་ཤིག་འཕེལ་རྒྱས་དང་རྒྱལ་ཁབ་ཅིག་དར་རྒྱས་སུ་གཏོང་དགོས་ཚེ། ༡.མཐུན་སྒྲིལ་དམ་སྲུང་། ༢.ཆོས་ལུགས་དམ་སྲུང་། ༣.ཡུལ་སྲོལ་དམ་སྲུང་། ༤.འགྲོ་བ་མིའི་ཐོབ་ཐང་དམ་སྲུང་། ༥.རྩ་ཁྲིམས་དམ་སྲུང་། ༦.དཔལ་འབྱོར་དམ་སྲུང་། དེ་དག་བཅས་བྱས་ན་ནི་མི་རིགས་འཕེལ་རྒྱས་དང་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འབྱུང་རྩ་ཏག་ཏག་ཏུ་མངོན། དེ་བས་ངེད་ཀྲུང་ཧྭ་མི་རིགས་ཀྱིས་ཀྱང་མཐུན་སྒྲིལ་གྱི་ཟམ་ཆེན་ལ་ཡུལ་སྲོལ་གྱི་ཁ་རྒྱན་སྤྲས་ནས་དཔལ་འབྱོར་གྱི་མེ་རོ་ཤེད་ཀྱིས་གསོས་ནས་ཀྲུང་ཧྭའི་རྩ་ཁྲིམས་ཀྱི་སྒོ་ཐེམ་ལ་ལོ་རྒྱུས་སྟོང་གི་གླེགས་བུམ་བཀོད་དེ་བཞག། རྒྱུ་མཚན་དེའི་རྐྱེན་གྱིས་ཀྲུང་ཧྭའི་མི་རིགས་ལ་སེམས་ཤུགས་སྟོང་གི་གོ་ཆ་སྤྲས་ཏེ་བཞག


    རེད་དེ། ངེད་ཀྱི་ཀྲུང་ཧྭ་གསར་བ། འཕེལ་རྒྱས་གསར་བ། ཁྱེད་ནི་བདག་གི་རྣམ་ཤེས་ཀྱི་ཟབ་ས་ན་ལྷོད་པོར་རྒྱུ་བའི་རྨི་ཁྲི་ཡི་རེ་འབོད་ཡིན། ཁྱེད་ནི་བདག་གི་ཕ་གཞས་ཀྱི་དབྱངས་ལ་སིམ་པའི་སྙིང་སྟོབས་ཀྱི་མར་མེ་ཚེ་འབར་ཡིན། ངེད་ཀྱི་ཀྲུང་ཧྭའི་མི་རིགས།སྙིང་སྟོབས་དང་བརྩོན་སེམས་ཀྱི་ཕྱུག་པའི་དཔའ་བའི་རིགས་རྒྱུད། ལང་ཚོ་མཆོངས་བསྐྱོད་ལ་བསེས་པའི་དཔའ་མཛངས་དང་རྟུལ་ཕོད་ཀྱི་མི་རིགས་ལགས། མེས་རྒྱལ་ལགས། ངའི་ཚེ་ནོམ་མམ་གཡང་སྲུང་ནོར་བུ་ལགས།།

  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:ཁུ་བྱུག་གྲགས་དུས།