དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ནད་རྟགས་ཆོད་པའི་ནད་པ་གཉིས་བྱུང་འདུག།

        2022-08-13

དཀར་མཛེས་ཁུལ་དུ་ཚེས་བཅུ་གཉིས་ཉིན་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཆོད་པའི་ནད་པ་གཉིས་བྱུང་འདུག

     བདེ་ཐང་དཀར་མཛེས་གཞུང་ཕྱོགས་པོད་འཕྲིན་ལས་གསར་འགྱུར་སྤེལ་བ་ལྟར་ན། ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ཧྲིལ་བོར་དཀར་མཛེས་ཁུལ་དུ་རང་སའི་ནད་རྟགས་ཆོད་པའི་ནད་པ་གཉིས་བུད་འདུག། རང་སའི་ནད་རྟགས་མེད་པའི་ནད་པ་བྱུང་མི་འདུག།


རང་སའི་ནད་རྟགས་ཆོད་པའི་ནད་པའི་གནས་ཚུལ།

      ནད་རྟགས་ཆོད་པའི་ནད་པ་དང་པོ། ཞིང་ཆེན་གཞན་ནས་སི་ཁྲོན་དུ་ལོག་ཏེ་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཡོང་མཁན་ཡིན་ལ། ཞིང་ཆེན་གཞན་པའི་ནད་རྟགས་ཆོད་པའི་ནད་པའི་འབྲེལ་བ་ཟབ་མཁན་ཡིན་པ་རེད། ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་ལ། ཁུལ་རིམ་པའི་ཆེད་མཁས་ཚོ་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་ཐག་གཅོད་བྱས་མཐར། ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཆོད་པའི་ནད་པ་ཡང་མོའི་རིགས་ཡིན་པ་ཐག་བཅད། ད་ལྟ་དམིགས་བཙུགས་སྨན་ཁང་དུ་ཁྲིད་ནས་ཟུར་བཀར་སྨན་བཅོས་བྱེད་བཞིན་ཡོད།

     确诊病例1:为外省返川到甘孜旅游人员,系外省确诊病例的密切接触者,8月12日核酸检测结果为阳性,经州级专家组综合研判,诊断为新冠肺炎确诊病例(轻型),已转运至定点医院隔离治疗。

     ནད་རྟགས་ཆོད་པའི་ནད་པ་གཉིས་པ། ནད་པ་དང་པོའི་འབྲེལ་བ་ཟབ་པའི་མི་ཡིན་ལ། མཉམ་དུ་ཡུལ་སྐོར་ཡོང་མཁན་རེད། ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་ལ། ཁུལ་རིམ་པའི་ཆེད་མཁས་ཚོ་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་ཐག་གཅོད་བྱས་མཐར། ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཆོད་པའི་ནད་པ་ཡང་མོའི་རིགས་ཡིན་པ་ཐག་བཅད། ད་ལྟ་དམིགས་བཙུགས་སྨན་ཁང་དུ་ཁྲིད་ནས་ཟུར་བཀར་སྨན་བཅོས་བྱེད་བཞིན་ཡོད།

      确诊病例2:系病例1的密切接触者(同行旅游),8月12日核酸检测结果为阳性,经州级专家组综合研判,诊断为新冠肺炎确诊病例(轻型),已转运至定点医院隔离治疗。

    ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་འཕྲལ་དུ་བབ་བསྟུན་ཐག་གཅོད་བྱས་པ་དང་། མིག་སྔར་ས་གནས་དེ་གའི་ནད་པ་དང་འབྲེལ་བ་ཟབ་མོ་ཡོད་མཁན་མི་སོ་བཞི་ལ་རྗེས་འདེད་བྱས་ནས་ཚང་མ་དོ་དམ་ཚོད་འཛིན་བྱས་ཡོད་ལ། ནད་པ་འགྲོ་འདུག་བྱས་མྱོང་བའི་གནས་སུ་དུག་སེལ་བྱས་ཡོད། འབྲེལ་ཡོད་ཆ་འཕྲིན་རེ་རེ་བཞིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་གཞུང་ཕྱོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལ་དོ་ཁུར་གནང་རོགས།

     州、县相关部门第一时间开展应急处置,目前,已追踪到本土病例密切接触者34人,均已全部管控到位,对病例曾活动过的场所已进行终末端消毒。相关信息将陆续发布,请广大市民朋友关注官方信息发布。

      མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས་རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས། ལག་པ་བཀྲུ་བ་དང་རླུང་རྒྱུག་འཇུག་པ། ཁ་ཐུམ་རྒྱག་པ་སོགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་ངང་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་རོགས། གལ་ཏེ་མགོ་ན་བ་དང་ཚ་བ་རྒྱག་པ། གློ་ལུད་དང་ལུས་ཟུངས་ཟད་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་ཡོད་ན། མི་སྒེར་གྱིས་འགོག་སྲུང་བྱས་མཐར་ཐག་ཉེ་སར་ཚ་བ་རྒྱག་པའི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།

     当前疫情防控形势依然严峻复杂,请广大市民朋友积极支持配合疫情防控,坚持勤洗手、多通风、戴口罩等良好习惯,主动接种新冠疫苗。如有头痛发热、咳嗽乏力等异常症状,请做好个人防护前往就近的发热门诊就诊。

འགྲོ་འདུག་ལམ་ཐིག活动轨迹

དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ནད་རྟགས་ཆོད་པའི་ནད་པ་གཉིས་བྱུང་འདུག།

ཟླ་བ་བརྒྱད་པའི་ཚེས་དགུ་ཉིན།

8月9日

1

ཆུ་ཚོད་6:00-6:20བར་ཁྲེན་ཏུའུ་ཞིན་ནན་མིན་རླངས་འཁོར་འབབ་ཚུགས་ནས་ལམ་ལ་ཆས།

6:00-6:20成都新南门汽车站候车大厅。

2

ཆུ་ཚོད་06:20 ཐོག་ཁྲེང་ཏུའུ་ནས་འགྲུལ་སྐྱེལ་རླངས་འཁོར་(川V17503)ལ་བསྡད་ནས་འདབ་པ་རྫོང་གི་ཕྱོགས་སུ་བསྐྱོད། ལམ་བར་ནས་རླངས་འཁོར་ལས་ཐེངས་གསུམ་བབས། ཐེངས་དང་པོར་སྔ་དྲོའི་ཆུ་ཚོད་8:57ཐོག་ཐེན་ཆོན་ཞབས་ཞུའི་ཁུལ་ནས་བབས། ཐེངས་གཉིས་པར་ཆུ་ཚོད་12:03-12:33དར་མདོ་གྲོང་ཁྱེར་ར་རྔ་ཁའི་དབྱི་ཧོ་མགྲོན་ཁང་ནས་བབས། ཐེངས་གསུམ་པར་ཆུ་ཚོད་18:30ཐོག་ལི་ཐང་གི་ཐོའུ་ཨར་ཧྲན་༼རྒྱ་མིང་༽ངལ་གསོ་ས་ཚིགས་ནས་བབས།

06:20  从成都市新南门汽车站乘大巴(川V17503)出发前往稻城县,中途有3次下车(第一次上午8:57天全服务区;第二次12:03-12:33康定市新都桥亿禾酒店;第三次18:30理塘县兔儿山休息站)。

3

ཆུ་ཚོད་21:20ཐོག འདབ་པ་རྫོང་རླངས་འཁོར་འབབ་ཚུགས་སུ་སླེབས།  དེ་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་བསྡད་ནས་ཤམ་བྷ་ལ་གྲོང་རྡལ་དུ་སོང་།

21:20  到达稻城县汽车站后,换乘小巴车前往香格里拉镇。

4

ཆུ་ཚོད་22:15ཐོག་ཤམ་བྷ་ལ་གྲོང་རྡལ་གྱི་ཉི་སྟེང་ནས་ཁྱེད་སྒུག་ཅེས་པའི་གནས་ཚང་མགྲོན་ཁང་དུ་བསྡད་ནས་ཕྱིར་བུད་མི་འདུག

22:15入住香格里拉镇“我在亚丁等你”野奢民宿后未外出。

དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ནད་རྟགས་ཆོད་པའི་ནད་པ་གཉིས་བྱུང་འདུག།

ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན།

8月10日

1

སྔ་དྲོའི་ཆུ་ཚོད་10:06ཐོག་འབྲེལ་འདྲིས་མེད་པའི་སྒོ་ནས་ཟུར་བཀར་མགྲོན་ཁང་དུ་ཁྲིད་པ་རེད།

10:06  闭环转运至隔离酒店。

    ནད་པའི་འགྲོ་འདུག་དང་གཅིག་ཏུ་འཁེལ་ཡོད་པའི་མི་རྣམས་ཀྱིས་དུས་ཐོག་ཏུ་སྡོད་ཁུལ་དང་གྲོང་ཚོ། ལས་ཁུངས། མགྲོན་ཁང་སོགས་ལ་གནས་ཚུལ་ཡར་ཞུ་དང་། ཁ་ཐུམ་བརྒྱབ་ནས་མགྱོགས་མྱུར་ཉིང་སྐྱར་བརྟག་དཔྱད་ས་ཚིགས་ནས་ཉིང་སྐྱུར་ཚད་ལེན་བྱེད་དགོས་ལ། འགྲོ་སྐབས་སྤྱི་པའི་འགྲིམ་འགྲུལ་མི་འདུག་རྒྱུ་དེ་གལ་ཆེ།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་མཐོང་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10