ས་མཐོ་ས་ན་སློབ་གསོ་ལ་འབད་བཞིན་པའི་སློབ་གཙོ་ཞིག

ཐུབ་ཀྱིས་བསྒྱུར།        2021-08-20

  ས་མཐོ་ས་ན་སློབ་གསོ་ལ་འབད་བཞིན་པའི་སློབ་གཙོ་ཞིག

    བསོད་ཆེན་ནི་སེར་ཤུལ་རྫོང་གི་མི་ཡིན་ཞིང་། དགེ་རྒན་གྱི་ལས་གནས་ལ་ཞུགས་ནས་ལོ23སོང་བ་དང་། ཏང་ལོ17ལོན་ཞིང་། ད་ལྟ་སེར་ཤུལ་རྫོང་སློབ་འབྲིང་གི་སློབ་གཙོའི་འགན་བཞེས་བཞིན་ཡོད།

   1998ལོར།  བསོད་ཆེན་ཐོག་མར་ལས་ཀར་ཞུགས་སྐབས། ལས་ཁུངས་གཞན་པར་ལས་ཀ་བྱེད་པའི་གོ་སྐབས་ཡོད་ཀྱང་། ཁོང་གིས་དགེ་རྒན་གྱི་ལས་རིགས་འདི་བདམས་པ་རེད།

   སློབ་གཙོ་བསོད་ཆེན་གྱིས་སློབ་མ་ཚོ་དང་ཁ་བརྡ་བྱེད་བཞིན་པ།

    ཁོང་ལ་ཕུགས་བསམ་ཞིག་ཡོད་པ་ནི་དགེ་རྒན་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན། དགེ་རྒན་བྱས་པ་ནས་སློབ་གཙོའི་འགན་ཁུར་བ་ནས་བཟུང་། ཁོང་གིས་དགེ་སློབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལ་མཐོང་ཆེན་གནང་ཞིང་། ཡུལ་གང་དུ་སོང་རུང་། ཁོང་གིས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ང་ཚོའི་བདེ་སྐྱིད་ཀྱི་འཚོ་བའང་མེད་པས། ང་ཚོས་ནམ་ཡང་ཏང་གི་བཀའ་དྲིན་སྙིང་ནས་དྲན་བཞིན་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་ཞེས་འཆད་བཞིན་ཡོད།

     ཏང་མི་ཞིག་དང་མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་མི་ཅི་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་།ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱ་རྒྱུ། སུའི་དོན་དུ་མི་གསོ་སྐྱོང་བྱ་རྒྱུ་བཅས་རྩ་བའི་རང་བཞིན་གྱི་གནད་དོན་ཡིད་ལ་བརྟན་པོར་འཆང་བཞིན་ཡོད།

ས་མཐོ་ས་ན་སློབ་གསོ་ལ་འབད་བཞིན་པའི་སློབ་གཙོ་ཞིག

    ཁོང་གིས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལངས་ཕྱོགས་བརྟན་སྲུང་དང་། ཏང་ཡོན་གྱི་འོས་འགན་ལེགས་སྒྲུབ་བྱས་པ་བཅས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་དགོས་པ་ཡིད་ལ་བརྟན་པོར་འཆང་བཞིན་ཡོད།

     བསོད་ཆེན་གྱིས། རང་ཉིད་ཀྱི་ལས་ཀའི་འགན་འཁྲི་ལྕི་ལ་ཡུན་རིང་པོར་བསྒྲུབ་དགོས་པ་ཞིག་ཡིན་མོད། སེར་ཤུལ་གྱི་སློབ་གསོ་བ་དག་གིས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་ནས་སློབ་གསོའི་བྱ་གཞག་ནི་ཡར་ངོའི་ཟླ་བ་དང་དབྱང་གཞུང་གི་མཚོ་མོ་ལྟར་འཕེལ་ཞིང་རྒྱས་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།


  • ལེ་ཚན་སྔོན་མ།:འཕྲིན་བཟང་། དྭ་ཕྲུག་ལ་ལྟ་སྐྱོང་འཆར་གཞི་འདི་ཚོ་ལག་ལེན་གཏང་རྒྱུ།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་ལས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ།
  • དོ་སྣང་ཆེ་བའི་རྩོམ།