སེར་ཤུལ་རྫོང་ལས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ།

གངས་དབང་གིས་བྲིས་ཤིང་པར་བླངས།        2021-08-23

    སེར་ཤུལ་རྫོང་ལས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ།
སེར་ཤུལ་རྫོང་ལས་གསར་དུ་རྙེད་པའི་བྲག་བརྐོས་རི་མོ།

   བྲག་བརྐོས་རི་མོ་ནི་གནའ་དུས་མེས་པོ་རྣམས་ཀྱིས་བྲག་རྡོའི་ངོས་སུ་བརྐོས་པའི་རི་མོ་དང་གཟུགས་བརྙན་ལ་ཟེར། མདོ་དབུས་མཐོ་སྒང་ལ་བྲག་བརྐོས་རི་མོ་ཧ་ཅང་མང་ཞིང་གནའ་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་མཚོན་པ་རེད། བྲག་བརྐོས་རི་མོའི་ཁུངས་ནི་རྡོ་ཆས་རྙིང་པའི་དུས་རབས་ལ་གཏུག་ཆོག་ལ་དེ་ཚོ་ལས་གནའ་དུས་སུ་རྔོན་དང་འབྲོག་ལས་བྱེད་ཚུལ་མཐོང་ཐུབ་པར་མ་ཟད། ཉི་ཟླ་དང་སྲོག་ཆགས་བཅས་དད་པ་བྱེད་ས་དང་། དགྲ་འཛིང་ཚུལ། བྲོ་འཁྲབ་ཚུལ་སོགས་ཀྱང་མཐོང་ཐུབ། ན་ནིང་ལ་སེར་ཤུལ་རྫོང་དུ་བྲག་བརྐོས་རི་མོ་མང་པོ་རྙེད་ཡོད་ལ། དེ་ལས་རྫོང་དང་སྤྱི་ལེ40ཙམ་རྒྱང་བའི་འབུམ་གསར་ཡུལ་ཤོག་གི་འབུམ་གསར་སྡེ་བའི་ལམ་འགྲམ་གྱི་བྲག་ངོས་སུ་མཆོད་རྟེན་རི་མོར་བརྐོས་པ་དྲུག་ཙམ་སྣང་། ལ་ལ་གསལ་པོར་མཐོང་ཐུབ་ཀྱང་། འགའ་ཞིག་མག་མོག་ཙམ་ལས་རིག་མི་ཐུབ། དེ་དང་སྤྱི་ལེ་བཅུ་གསུམ་ཙམ་རྒྱང་བའི་ཆར་རྒན་ལུང་པ་ཞེས་པའི་འབྲོག་ས་ཞིག་གི་རི་འདབས་ན་བྲག་རྡོའི་ངོས་སུ་ཤྭ་བ་རི་མོར་བརྐོས་ཡོད་པ་གསུམ་སྣང་། ས་དེ་གའི་འབྲོག་མི་ཚོས་བྲག་ཤྭ་བ་ཞེས་འབོད་ཀྱིན་འདུག། ཆེད་མཁས་པ་ཚོས་བརྟག་དཔྱད་བྱས་པ་ལྟར་ན། བྲག་བརྐོས་རི་མོ་དེ་དག་མ་མཐའ་ཡང་ལོ800ལྷག་ཙམ་འདས་ཟིན་པ་རེད་ཟེར།

  • ལེ་ཚན་སྔོན་མ།:ས་མཐོ་ས་ན་སློབ་གསོ་ལ་འབད་བཞིན་པའི་སློབ་གཙོ་ཞིག
  • ལེ་ཚན་རྗེས་མ།:སྡེ་རོང་རྫོང་གིས་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་གྱི་ཆེད་དོན་གསོ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།