2021-01-25
སྤྱི་ཟླ་དང་པོའི་ཚེས22ཉིན། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་དར་མདོར་འཚོགས་ཤིང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་གིས་གྲོས་ཚོགས་གཙོ་འགན་བཞེས་ཤིང་གསུང་བཤད་གནང་བ་རེད།
གྲོས་ཚོགས་ཐོག་ལ《ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འཚོག་པའི་སྐོར་གྱི་གྲོས་ཆོད(འཆར་ཟིན)》ལ་གྲོས་ཞིབ་བྱས་ཏེ། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ལོ2021ལོའི་ཟླ་བ2པའི་ཚེས3ནས་ཚེས6ཉིན་བར་དར་མདོར་འཚོག་རྒྱུ་གཏན་འཁེལ་བྱས་པ་རེད།
གཞན་ཡང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པ་ནས་ཤེས་རྟོགས་བྱུང་ལྟར་ན།སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ཟླ2པའི་ཚེས3ཉིན་ནས་དར་མདོར་འཚོག་མགོ་ཚུགས་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10