དབྱེ་ཐེན་ཅ་ཡན་འཇར་པན་དམངས་གཙོ་ཏང་གི་འགོ་གཙོ་གསར་པར་བདམས་པ།(2)

        2011-09-02

འདི་ལོའི་ཟླ་བ8པར་དབྱེ་ཐེན་གྱིས་དུས་དེབ་ཅིག་གི་ཐོག་འགོ་བརྗོད་དུ《ངའི་སྲིད་དབང་གི་བསམ་ཚུལ》ཞེས་པའི་རྩོམ་སྤེལ་ནས་དམངས་གཙོ་ཏང་གི་འགོ་གཙོ་གསར་པའི་ནང་འདེམས་འགྲན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། རྩོམ་ཡིག་ནང་ཀྲུང་གོའི་སྐོར་གླེང་སྐབས་ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་འཕྲུལ་འཁོར་ལྟ་བུ་ཞིག་ཡིན་ལ་རི་པིན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཀྱང་ཡིན་པས་དེའི་ཁྲོམ་ར་ཆེན་པོས་ཨེ་ཤེ་ཡའི་དཔལ་འབྱོར་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། གལ་ཏེ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྦྱོར་བྱུང་ཚེ་དེ་རི་པིན་གྱི་གོ་སྐབས་བཟང་པོ་ཞིག་ཡིན་པ་གདོན་མི་ཟ་བ་ཞིག་རེད།འོན་ཀྱང་དེ་དང་དུས་མཚུངས་ཁོང་གིས་“ཀྲུང་གོའི་དམག་ཤུགས་མྱུར་འཕར་བྱུང་བ་དང་།བྱེད་སྒོ་སྤེལ་ཁྱོན་ཆེ་བ།འཐབ་ཇུས་འདོད་འདུན་ཁ་གསལ་མེད་པ་བཅས་རི་པིན་དང་ས་ཁུལ་དེ་གའི་སེམས་ཁྲལ་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད”པའི་ངོས་འཛིན་བྱས་པ་རེད།

ཉེ་བའི་ལོ་ཤས་ནང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་སྲིད་སྐྱོང་དུས་ཡུན་དེ་ལྟ་བུའི་ཐུང་ངུ་ཡིན་དོན་གང་ཡིན་ནམ། འཇར་པན་གྱི་ཆིང་དབྱིངས་སློབ་ཆེན་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ཙེང་ཀེན་ཐའེ་ཅའོ་ཡིས་ཐད་ཀའི་རྒྱུ་རྐྱེན་ནི་དམངས་གཙོ་ཏང་གི་འགོ་གཙོའི་འགན་འཁུར་ཡུན་ལོ་གཉིས་ཡིན་པ་དང་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་ཡུན་དེ་ལོ་བཞི་ཡིན་པས་དེ་གཉིས་དབར་ཧེ་བག་ཡོད་པས་རེད། གཞན་ཡང་ཏང་གི་འགོ་གཙོའི་འོས་མི་ཡང་ཡང་བརྗེ་བ་དེའང་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན་པ་རེད་ཅེས་བཤད་པ་དང་ཁོང་གིས“དེའི་རྐྱེན་གྱིས་སྲིད་ཇུས་ཀྱི་རྒྱུན་བསྲིང་རང་བཞིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེར་བརྟེན་ངེས་པར་དུ(ཏང་གི་འགོ་གཙོ་དང་དབུ་བཞུགས་བློན་ཆེན)གྱི་འགན་འཁུར་ཡུན་མི་འདྲ་བར་ཇི་ལྟར་བྱས་ནས་བཟོ་བཅོས་རྒྱག་དགོས་པའི་གནད་དོན་ཐད་གྲོས་བསྡུར་གང་མགྱོགས་བྱེད་དགོས”པའི་ནན་བཤད་གནང་བ་རེད།  །

 
  • ལེ་ཚན་སྔོན་མ།:ཙེམ་པབ་ཝེ་རྒྱལ་ཁབ་ཀྱིས་ཙེམ་པབ་ཝེ་རུ་ཡོད་པའི་ལི་པུ་ཡཱའི་གཞུང་ཚབ་པ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་གླེང་སྟེགས་སྐབས་དང་པོ་དེ་ནེ་རོ་པི་ནས་གཉེར་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།