དབྱེ་ཐེན་ཅ་ཡན་འཇར་པན་དམངས་གཙོ་ཏང་གི་འགོ་གཙོ་གསར་པར་བདམས་པ།

        2011-09-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ཤིས་ན·ལ་པ་ནི·ཧར་གྱིས“ངའི་སེམས་པར་ངའི་བུད་མེད་ཀྱི་རང་གཤིས་སྐབས་འགར་བརྗོད་དྲགས་པ་ཞིག་འདུག་དོན་དམ་དུ་གལ་ཆེ་ཤོས་ནི་ངས་གོ་གནས་དེ་དང་རྒྱལ་ཁབ་ལ་གང་ཞིག་འཁྱེར་ཡོད་མེད་ལ་བལྟ་དགོས་སྙམ་གྱི་འདུག”ཅེས་གསུངས་ཡོད་པ་རེད།

ཕ་ཁི་སི་ཐན་གྱི་ལོ་རྒྱུས་ཐོག་གི་བུད་མེད་ཕྱི་འབྲེལ་པུའུ་ཀྲང་དང་པོ་དེ་ཡིན་པའི་ཤིས་ན་བསྐོ་གཞག་བྱས་པའི་ཉིན་དང་པོ་དེ་ནས་བཟུང་ཁོང་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཚེས24ཉིན་གྱི་ཕྱི་དྲོ་ཀྲུང་གོར་འཚམས་འདྲི་གནང་བཞིན་པའི་ཤི་ན་ཡིས་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ཡོད།

ཚོས་མདོག་དཀར་སེར་གྱི་སྲོལ་རྒྱུན་ན་བཟའ་དང་སྤུས་ལེགས་པའི་སྒྲོག་ཐག་བསིལ་ལྷམ་བཞེས་ཡོད་པ་དང་ནོར་བུའི་རིགས་ཀྱི་རྣ་རྒྱན་དང་མགུལ་རྒྱན་ཆ་ཚང་ཞིག་བཏགས་གནང་ཡོད། སྲོལ་རྒྱུན་གྱི་བུད་མེད་ཕྱི་འབྲེལ་པུའུ་ཀྲང་མཛེས་མ་ཞེས་པ་དེ་དངོས་འབྲེལ་དོན་དངོས་དང་མཚུངས་པ་ཞིག་ཡོད་ལ་དབྱིན་སྐད་ཆུ་རྒྱུག་རྒྱུག་ཐོག་སྐད་ཤུགས་ཆུང་ཙམ་བསྐྱོན་པ་དང་གཏམ་སྤྱོད་བྱེད་སྟངས་ཐད་བུད་མེད་ཀྱི་ཡིད་དབང་འཕྲོག་ཤུགས་ཧ་ཅང་ཆེན་པོ་ཡོད། ད་ལོ་དགུང་ངོ34ལ་ཕེབས་པའི་ཤིས་ན་ཡང་ཕ་ཁི་སི་ཐན་གྱི་ལོ་རྒྱུས་ཐོག་གི་ལོ་ན་གཞོན་ཤོས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཡིན་པ་དང་ལོ་ན་གཞོན་ནའང་ཉམས་མྱོང་མེད་པ་ཞིག་མིན་པར་ཁོང་གིས་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་དང་། དཔལ་འབྱོར་དང་བསྡོམས་རྩིས་པུའི་རྒྱལ་དོན་པུའུ་ཀྲང་། དངུལ་རྩ་དང་དཔལ་འབྱོར་ལས་དོན་པུའི་རྒྱལ་དོན་པུའུ་ཀྲང་བཅས་གནང་མྱོང་ཡོད་པ་དང་ད་དུང་ཨུ་ཡོན་ལྷན་ཁང་སྣ་ཚོགས་ཀྱི་འགན་ཡང་བཞེས་མྱོང་ཡོད།

“ངས་ཆབ་སྲིད་བདམས་པ་ཞིག་ཡིན་ཞེས་བརྗོད་པ་ལས་ཆབ་སྲིད་ཀྱིས་ང་རང་བདམས་པ་ཞིག་ཡིན་ཞེས་བརྗོད་ན་ལེགས”ཤིས་ན་ཡིས“ང་ལ་སྲིད་སྐྱོང་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ངས་ལྷག་དོན་དུ་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཁྲོད་ཀྱི་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དེ་སླད་ཕྱིན་གྱི་ཕྱི་འབྲེལ་ལས་དོན་ཁྲོད་བེད་སྤྱོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས་ཡོད།

དཔལ་འབྱོར་ཚོང་དོན་ཚུད་པའི་ཁྱབ་ཁོངས་ཁག་ནང་གི་ཕ་ཀྲུང་གི་རྒྱ་ཁྱབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཤིས་ན་ཡིས་ད་རེས་འཚམས་འདྲི་གནང་བའི་དམིགས་ཡུལ་གྱི་གྲས་ཤིག་ཡིན་པ་དང་དུས་ཡུན་ཉིན་གཉིས་རིང་དུས་ཐུང་འཚམས་འདྲི་གནང་རིང་ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་གི་དབུན་ཅ་པའོ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་དབྱང་ཅེ་ཁྲེ་སོགས་ཀྲུང་གོའི་ཕྱོགས་ཀྱི་འགོ་ཁྲིད་པ་དང་ངོ་འཕྲད་གྲོས་མོལ་གནང་ཡོད།

ཤིས་ན་ཡིས“ང་ཚོའི་བར་གྱི་གླེང་མོལ་ནི་ཁྱབ་ཧ་ཅང་ཆེ།ཕ་ཀྲུང་འབྲེལ་བ་ནས་ས་ཁུལ་དང་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་དང་དེ་བཞིན་དཔལ་འབྱོར་ཚོང་དོན་དང་མི་སྣ་འགྲོ་འོང་སོགས་ཁྱབ་ཁོངས་ཁག་ནང་ཕྱོགས་གཉིས་དབར་རྒྱ་ཁྱབ་ཏུ་མཉམ་ལས་བྱེད་པའི་བར་ཚུད་ཡོད། དེང་དུས་ས་ཁུལ་དང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་འགྲོ་བའི་སྐབས་ཕ་ཀྲུང་འབྲེལ་བ་དེའང་དེ་བས་དམ་ཟབ་ཡོད”ཅེས་གསུངས་པ་རེད།

ཁོང་གིས་ཕ་ཀྲུང་མཐུན་ལམ་དེར་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཡོད། ངས་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་ཡུན་ནང་དུའང་འགྱུར་ལྡོག་གང་ཡང་ཡོང་མི་སྲིད་པའི་ངོས་འཛིན་གནང་ཡོད། ཁོང་གིས“གལ་ཆེ་ཤོས་ཡིན་པའི་ཕྱོགས་གཉིས་དབར་གྱི་འབྲེལ་བ”དེ་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཤིས་ན་ཡིས་ཕྱི་འབྲེལ་པུའུ་ཀྲང་གི་གོ་གནས་གསར་པ་དེས་ང་ལ་གནོན་ཤུགས་ཁ་ཤས་བྱུང་རུང“རྒྱལ་ཁབ་གང་ཞིག་གི་ཕྱི་འབྲེལ་པུའུ་ཀྲང་ཡིན་རུང་གནོན་ཤུགས་འཕྲད་སྲིད། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ལ་དོ་སྣང་བྱེད་པ་དང་། ཉིན་ལྟར་དཔྱད་ཡིག་མང་པོ་བལྟ་བ། གནས་ཚུལ་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་པ་བཅས་ཀྱིས་རེད། ཡིན་ནའང་གལ་སྲིད་ཁྱོད་ཀྱིས་ཁྱོད་ཀྱི་མཚོན་ཚུལ་ནི་ཧུར་བརྩོན་ཆེ་བ་ཞིག་ཡིན་པར་ཡིད་ཆེས་ན་ཁྱོད་ཀྱིས་རང་ཉིད་ཀྱི་འཇོན་ཐང་དང་འབྱུང་འགྱུར་ལ་ཡིད་ཆེས་བྱེད་སྲིད”ཅེས་སྦས་གསང་མེད་པར་གསུངས་ཡོད།

ལས་ཀའི་བར་གསེང་གི་ཤིས་ན་ནི་སྤྱིར་བཏང་བུད་མེད་གཞན་དག་དང་འདྲ་བར་རང་ཉིད་ཀྱི་ཁྱིམ་ཚང་དང་ཕྲུ་གུ་ཡོད། ཁོང་གི་ངོས་ནས་བཤད་ན་ལས་ཀ་དང་ཁྱིམ་ཚང་དབར་གྱི་འབྲེལ་བ་གང་འདྲ་བྱས་ནས་དོ་མཉམ་ཡོང་བ་བྱ་རྒྱུ་དེའང“ཧ་ཅང་བྱེད་དཀའ་བའི་བྱ་བ་ཞིག་ཏུ་གྱུར་ཡོད”

ཤིས་ན་ཡིས“སྐབས་འགར་ང་རང་བུ་མོ་གཉིས་ལ་འགྱོ ད་སེམས་ཧ་ཅང་ཆེན་པོ་སྐྱེ་གི་འདུག་པས་དུས་ཚོད་ཟུར་འཐེན་བྱེད་ཐུབ་པ་བྱས་ཏེ་ཁོང་ཚོ་དང་མཉམ་དུ་སྡོད་པ་ལས་གཞན་གང་ཡང་མེད། ང་རང་རྒྱལ་ནང་དུ་གཞུང་དོན་སྒྲུབ་པར་སྐྱོད་སྐབས་བུ་མོ་གཉིས་ཁྲིད་འགྲོ་གི་ཡོད། རྒྱུན་གཏན་དུའང་ཁོང་ཚོ་དང་མཉམ་དུ་སྡོད་པའི་དུས་ཚོད་དང་གཤིབ་རྒྱུ་འགན་ལེན་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད། ཕ་ཁི་སི་ཐན་གྱི་བུད་མེད་ཕྱི་འབྲེལ་པུའུ་ཀྲང་གིས་ཆབ་སྲིད་ཀྱིས་ང་རང་གདམ་ག་བྱུང་ཡོད་ཅེས་བརྗོད་པ། ཟླ8པའི་ཚེས29ཉིན་རི་པིན་དམངས་གཙོ་ཏང་གིས་གྲོས་ཚོགས་འོག་མ་དང་གྲོས་ཚོགས་གོང་མའི་གྲོས་མིའི་ཚང་འཛོམས་ཚོགས་འདུ་འཚོགས་ནས་ཏང་གི་འགོ་གཙོ་གསར་པར་འདེམས་ཤོག་འཕེན་ནས་བདམས་པས་མཐར་ནོར་དོན་བློན་ཆེན་དབྱེ་ཐེན་ཅ་ཡན་གྱིས་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་ཧའེ་ཅང་ཐེན་དབན་ལི་ལས་རྣམ་པར་རྒྱལ་ནས་དམངས་གཙོ་ཏང་གི་འགོ་གཙོ་གསར་པར་གྱུར་པ་རེད། ཚེས30ཉིན་གྲོས་ཚོགས་འོག་མའི་གྲོས་མིའི་ཚང་འཛོམས་ཚོགས་འདུའི་ཐོག་དབྱེ་ཐེན་རི་པིན་གྱི་དབུ་བཞུགས་བློན་ཆེན་སྐབས་གོ་ལྔ་པ་དང་ཨང་རེ་གཉིས་པར་འདེམས་རེ་ཡོད་པ་རེད། འཇར་པན་གྱི་དབུ་བཞུགས་བློན་ཆེན་ནི་སྲིད་ཏང་གིས་མིང་འདོན་པ་ཞིག་ཡིན་པ་དང་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་དང་གྲོས་ཁང་གོང་མའི་གྲོས་མིས་འདེམས་ཤོག་འཕེན་ནས་འདེམས་ཀྱི་ཡོད་པ་དང་སྤྱིར་བཏང་བྱས་ན་རྒྱལ་ཚོགས་ནང་གི་ཏང་གི་གཙོ་འཛིན་མང་ཆེ་བས་དབུ་བཞུགས་བློན་ཆེན་གྱི་གོ་གནས་འཁུར་གྱི་ཡོད་པ་རེད།

ཏང་གི་འགོ་གཙོ་གསར་པར་བདམས་རྗེས་དབྱེ་ཐེན་གྱིས་དམངས་གཙོ་ཏང་གི་གྲོས་ཁང་འོག་མ་དང་གོང་མའི་གྲོས་མིའི་ཚང་འཛོམས་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་ནས་ཤོག་ཁག་མི་དབྱེ་བ་དང་དགའ་སྡང་མི་བྱེད་པར་ཏང་ཡོངས་ཀྱིས་རྒྱལ་ཁབ་ཀྱི་དཀའ་ཉེན་ལ་གཅིག་གྱུར་ཁ་གཏད་གཅོག་རྒྱུ་ཡིན་ཞེས་གསུངས་པ་རེད། དབྱེ་ཞིབ་མི་སྣས་ད་རེས་ཀྱི་དམངས་གཙོ་ཏང་གི་འཐུས་མིས་བདམས་པ་ནི་ཏང་ནང་གི“ཞའོ་ཙེར་ངོ་རྒོལ་ཤོག་ཁག”དང“ཞའོ་ཙེར་དགའ་ཉེའི་ཤོག་ཁག”དབར་གྱི་འགྲན་རྩོད་ཡིན་པ་དང་འདེམས་ཤོག་འཕེན་པ་དེ་ནི་ཕྱོགས་གཞན་ཞིག་ནས་གླེང་ན་ཤོག་ཁག་དབར་གྱི་འགལ་ཟླ་ཤུགས་ཆེ་རུ་སོང་ཡོད་ལ་ཏང་ཡོངས་ཀྱི་གཅིག་གྱུར་སྒྲིག་གཞི་འཛུགས་རྒྱུར་ཡང་དཀའ་གནད་འཕྲད་ཡོད་པར་བརྟེན་དབྱེ་ཐེན་གྱིས་ལས་གནས་འཁུར་རྗེས“ཞའོ་ཙེར་ངོ་རྒོལ་ཤོག་ཁག”དང“ཞའོ་ཙེར་དགའ་ཉེའི་ཤོག་ཁག”དབར་གྱི་དབྱེ་མཚམས་གང་མགྱོགས་མེད་པ་བཟོས་ནས་ཏང་ནང་འཆམ་མཐུན་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།

  • ལེ་ཚན་སྔོན་མ།:ཙེམ་པབ་ཝེ་རྒྱལ་ཁབ་ཀྱིས་ཙེམ་པབ་ཝེ་རུ་ཡོད་པའི་ལི་པུ་ཡཱའི་གཞུང་ཚབ་པ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་གླེང་སྟེགས་སྐབས་དང་པོ་དེ་ནེ་རོ་པི་ནས་གཉེར་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།