ང་ཚོས་མཉམ་དུ་ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་། ༼གཅིག༽

        2026-03-05

གཅིག  ཅི་ཞིག་ལ་ཚོགས་ཆེན་གཉིས་ཟེར་བ་རེད།

     ལན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གཉིས་ཀྱི་བསྡུས་མིང་ལ་ཟེར་བ་རེད།

 

གཉིས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོ་དེ་ནམ་འཚོགས་པ་རེད།

   ལན། སྤྱི་ལོ1949ལོའི་ཟླ་བ9པའི་ཚེས21ནས30ཉིན་བར་འཚོགས་པ་རེད།

 

གསུམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དེ་ནམ་འཚོགས་པ་རེད།

ལན། 1954ལོའི་ཟླ་བ9པ་ནས1959ལོའི་ཟླ་བ4པའི་བར་འཚོགས་པ་རེད།

 

བཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་ནམ་ཙམ་ལ་དུས་མཉམ་དུ་འཚོགས་པ་རེད།

  ལན། 1959ལོ་ནས་བཟུང་དུས་མཉམ་དུ་འཚོགས་སྲོལ་ཆགས་ཡོད།

 

ལྔ། ཚོགས་ཆེན་གཉིས་ཀྱི་སྐབས་རེ་ལ་ལོ་དུ་ཡོད་པ་རེད།

ལན། ལོ་ལྔ་རེ་ལ་ཚོགས་ཆེན་གཉིས་ཀྱི་སྐབས་རེ་ཟེར་བ་དང་། ལོ་རེའི་ཚོགས་འདུ་ལ་སྐབས་ག་གེ་མོའི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་ཟེར་བ་དང་། འཚོག་ཡུན་ཧ་ལམ་ཉིན༡༠ཡས་མས་ཡིན་པ་རེད།

 

དྲུག། ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནམ་ཡིན་པ་རེད།

ལན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་ལོ་རེའི་སྤྱི་ཟླ་གསུམ་པའི་ནང་ཡིན་པ་དང་། ས་གནས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལས་སྔ་ཞིང་། སྤྱིར་བཏང་སྤྱི་ཟླ་དང་པོའི་ནང་ཡིན་པ་རེད།

 

བདུན། ད་ལོར་འཚོག་པའི་ཚོགས་ཆེན་གཉིས་གང་རེད་ཟེར་ན།

ལན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་རེད།

 

བརྒྱད། ཐེངས(“次”)དང་ སྐབས  (“届”)ཞེས་པའི་དབྱེ་བ་ཅི་འདྲ་རེད།

ལན། འདིར་གྲོས་ཚོགས་ལ་ཆེད་དུ་དམིགས་པའི“次”( ཐེངས)དང་ “届” (སྐབས) གཉིས་ཀ་ཚད་ཚིག་ཡིན་པ་འདྲ་མོད། འོན་ཀྱང“次”( ཐེངས)ནི་གྲོས་ཚོགས་སྤྱི་དང་བྱེ་བྲག་ལ་འཇུག་ཆོག་ལ། དཔེར་ན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཞེས་པ་དང་། བསྡུས་ན་ཀྲུང་གུང་ངམ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཟེར་ཆོག་ཅིང་།  ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་ཞེས་པ་ལྟ་བུ། བསྡུས་ན་ཀྲུང་གུང་ཐེངས་བཅུ་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་ཞེས་ཟེར་ཆོག། (སྐབས)ཞེས་པ་ནི་དུས་ཚོད་གཏན་འཁེལ་ཡིན་པའི་གྲོས་ཚོགས་ལ་སྤྱད་དགོས་ཤིང་། དཔེར་ན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་ཞེས་པ་ལྟ་བུ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ག་གེ་མོའི་ཐོག་བདམ་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ག་གེ་མོ་ཡིན་ཞིང་།  དཔེར་ན་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བདམ་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པ་ཞེས་ཟེར། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལོ་རེར་ཚང་འཛོམས་གྲོས་ཚོགས་ཐེངས་རེ་འཚོག་དགོས་ཤིང་། དཔེར་ན་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཞེས་པ་ལྟ་བུ་དང་། བསྡུས་ན་ཏང་གི་ཀྲུང་ཨུ་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཞེས་ཟེར་ཆོག། 

 

དགུ།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གཉིས་ཀྱི་སྐབས་ག་གེ་མོ་དང་ཐེངས་ག་གེ་མོའི་འཇོག་སྟངས་ཅི་འདྲ་རེད། 

ལན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གཉིས་ཀྱི་སྐབས་ག་གེ་མོ་དང་ཐེངས་ག་གེ་མོའི་བཞག་ས་མི་འདྲ་བ་སྟེ། མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་མིང་ནི། སྐབས་ག་གེ་མོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་ཟེར་དགོས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པ་སྐབས་དང་ཐེངས་ཀྱི་བར་དུ་གཞག་དགོས་པ་སྟེ། དཔེར་ན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་ཞེས་པ་ལྟ་བུ། རྒྱལ་ཡོངས་སྲིད་གྲོས་ཚོགས་འདུའི་སྐབས་དང་ཐེངས་ཀྱི་འཇོག་སྟངས་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་ག་གེ་མོའི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་པ་དེ་ཡིན་ཞིང་། རྒྱལ་ཡོངས་སྲིད་གྲོས་སྔོན་དུ་བཞག་པ་དང་སྐབས་དང་ཐེངས་སྦྲེལ་ནས་མཇུག་ལ་གཞག་དགོས་པ་སྟེ། དཔེར་ན། ད་ལོར་འཚོག་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ལྟ་བུ། བསྡུས་མིང་ལ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ཞེས་ཟེར་ཆོག། མ་གཞིར་བོད་སྐད་ཀྱི་འགྲོས་ལྟར་ན་ཁྱད་གཞི་བརྗོད་པའི་མིང་སྔོན་དང་ཁྱད་ཆོས་བརྗོད་པའི་མིང་རྗེས་ལ་གཞག་དགོས་པ་དཔེར་ན། མི་བཟང་པོ། རྟ་དམར་པོ། བྱ་དགའ་ཨང་དང་པོ། དགེ་རྒན་དུས་ཆེན་ཐེངས30པ་ཞེས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སོགས་བརྗོད་དགོས་མོད། འདིར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་དང་ཐེངས་འཇོག་སྟངས་དམིགས་བསལ་བ་འདི་གཏན་འབེབས་རང་འགྲིག་ཏུ་ཆགས་ཟིན་པས་དེ་ག་རང་མ་བཞག་ཐབས་མེད་ཡིན་པ་ཤེས་དགོས་སོ།། 

 

བཅུ། 2026ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནམ་རེད་ཟེར་ན།

ལན། སྤྱི་ཟླ3པའི་ཚེས4ལ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་པ་དང་ཚེས5ཉིན་ལ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུ་རེད།

 

སྐལ་ཐུབ་ཀྱིས་བསྡུས་ནས་བསྒྱུར།

 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས2026ལོའི་ལོ་གསར་གྱི་ཤིས་ཚིག་གནང་།
  • ལེ་ཚན་རྗེས་མ།:ང་ཚོས་མཉམ་དུ་ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་། ༼གཉིས།༽
  • དོ་སྣང་ཆེ་བའི་རྩོམ།