ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲི་གནང་།

        2026-02-12

སྤྱི་ཟླ2པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཁུལ་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་སྡོད་གནས་སུ་ཕེབས་ནས། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བ་དང་། ཚང་མས་འགན་འཁྲི་ནན་གྱིས་སྒྲུབ་པ་དང་བསམ་འཆར་དང་ཇུས་འདོན་ཧུར་ཐག་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་མཉམ་དུ་གྲོས་མོལ་དང་མཛེས་སྡུག་འཆར་གཞི་མཉམ་འབྲི། དམངས་འཚོ་བདེ་སྐྱིད་མཉམ་ཞིབ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བར་སྐུལ་ལྕག་གནང་བ་རེད། 

  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་ཞི(མིང་འདོན་པ)ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བཅས་འཚམས་འདྲིར་ཞུགས་ཡོད།

ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲི་གནང་།

ཀྲའོ་པོ་ཡིས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མི་ཚོ་ལ་འཚམས་འདྲི་གནང་བཞིན་པ།

    ཀྲའོ་པོ་ཡིས་འཐུས་མི་དང་ཨུ་ཡོན་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་དང་འཚམས་འདྲི་སྤེལ་རེས་གནང་བ་དང་། འགན་འཁྲི་སྒྲུབ་པའི་གནས་ཚུལ་དང་གྲོས་འཆར་དང་གྲོས་གཞི་གྲ་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཁོ་ཚོས་བཏོན་པའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བསམ་འཆར་དང་གྲོས་འགོར་གསན་པ་རེད། ཁོང་གིས་ཚང་མས་སོ་སོའི་ལས་གནས་སུ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ནས་ཚང་མས་དུས་ཡུན་རིང་པོར་ལས་གནས་སུ་གཞི་ཚུགས་པ་དང་འཐབ་ཕྱོགས་སུ་རྩ་བ་ཚུགས་པ། འཕེལ་རྒྱས་ལ་དོ་ཁུར་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་བརླིང་གི་བྱ་གཞག་ཁག་ལ་དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 

ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲི་གནང་།

ཀྲའོ་པོ་ཡིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་སྲིད་གྲོས་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བཞིན་པ།

  ཀྲའོ་པོ་ཡིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་བྱེད་འགོ་བཙུགས་པའི་ལོ་ཡིན་པས། ཚོགས་ཆེན་གཉིས་འཚོག་པའི་འགན་འཁྲི་གལ་ཆེན་ལ་དོན་སྙིང་ཟབ་མོ་ལྡན། འཐུས་མི་དང་ཨུ་ཡོན་ཚང་མས་ཆབ་སྲིད་ལ་མཐོང་ཆེན་དང་། བསམ་བློ་དང་བྱ་སྤྱོད་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ། བློ་རིག་དང་སྟོབས་ཤུགས་ཚོགས་འདུར་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་དང་གཅིག་སྒྲིལ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་ལེན་ནན་པོ་བསྟར་བ།  ལས་དོན་སྙན་སེང་ཁག་ལ་གྲོས་ཞིབ་ནན་ཏན་བྱེད་པ་དང་བློ་རིག་ལྡན་པའི་གཏམ་བཤད་མང་ཙམ་བྱེད་པ། དངོས་སྒྲུབ་ཐབས་ཇུས་མང་ཙམ་འབུལ་བ། གསར་གཏོད་འཚོལ་ཞིབ་མང་ཙམ་བཅས་བྱ་དགོས། ཚོགས་འདུའི་སྤྱོད་ཚུལ་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱས་ཏེ། མཉམ་དུ་ཐེངས་འདིའི་ཚོགས་ཆེན་གཉིས་དར་ཆ་མཐོན་པོར་བསྒྲེངས་བ་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་བ། འབད་འབུངས་ཧུར་བསྐྱོད་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་བྱ་དགོས།

   འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་རྩ་འཛུགས་ཀྱི་ཡིད་ཆེས་དང་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་ཁུར་ནས་སྤྲོ་སེམས་ཆེན་པོ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་འགན་འཁྲི་ནན་གྱིས་བསྒྲུབས་ཏེ་ཚོགས་ཆེན་གྱི་ལས་འགན་ཁག་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱས་ཏེ་མང་ཚོགས་ཀྱི་སེམས་གཏམ་བརྒྱུད་སྤྲོད་དང་འཕེལ་རྒྱས་ཀྱི་ཇུས་བཟང་འདོན་པ། དུས་རབས་ཀྱི་འགན་འཁྲི་དོན་ལ་འཁྱོལ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་བར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

  ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཞང་ཧྥེ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཞིང་ཆོན་ཞུགས་ཡོད།



གསར་འགོད་པ། ཡེ་ཤེས། རྒྱ་མཚོ། རྟ་མགྲིན།
རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:2026ལོའི་དཀར་མཛེས་ཁུལ་སྲིད་གྲོས་འགོ་འཛུགས་ཚོགས་ཆེན་གྱི་ཆེད་བརྗོད།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་སྐབས13པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་འཚོག་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།