མཚོ་ལའི་སྐྱེ་ཁམས་སྲུང་སྐྱོང་གི་བཞུགས་མོལ་ཚོགས་འདུ་འཚོགས།

        2025-05-13

སྤྱི་ཟླ5པའི་ཚེས8ཉིན། རང་ཁུལ་གྱིས་མཚོ་ལའི་དགེ་བསྙེན་ལྗོངས་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་། ཡུལ་སྐོར་གསར་སྤེལ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།      ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཀྲང་ཐུང་རུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་འབྲེལ་གཏམ་བཤད་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡོན་ཀང་དང་ཅིང་ཐེན་ཆང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་བཅས་ཚོགས་འདུར་ཞུགས་པ་རེད། མཚོ་ལ་དོ་དམ་ཨུ་ལྷན་དང་ལི་ཐང་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མཚོ་ལ་དང་དགེ་བསྙེན་ལྗོངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་ཁྲོད་གནས་པའི་དཀའ་ངལ་དང་ཐག་གཅོད་བྱ་དགོས་པའི་གནད་དོན་ལ་དམིགས་ནས་གཏམ་བཤད་བྱས་ཤིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་རེ་རེ་བཞིན་དུ་ལན་བཏབ།    ཚོགས་འདུར་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐབས་ལམ་ལ་དོ་གནད་བྱས་ནས་མིག་སྔར་འཕྲད་པའི་གནད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཀྲང་ཐུང་རུང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཐབ་ཇུས་ལ་གཞི་ཚུགས་ནས《སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད》ཀྱི་སྒྲོམ་གཞིའི་འོག་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ་ཁམས་ཁུལ་ཡུལ་སྐོར་གྱི་ལས་གཏོད་ཐེངས་གཉིས་པའི་དུས་རིམ་གསར་པར་བསླེབ་པར་སྐུལ་འདེད་གཏང་དགོས་ཞེས་བཤད།    ཚོགས་འདུར་མིག་སྔར་དགེ་བསྙེན་ཡུལ་སྐོར་ཁུལ་གྱིས་སྐྱེ་ཁམས་རིན་ཐང་གཞན་སྒྱུར་དང་ཐོན་ལས་རིམ་སྤོར་གྱི་ལོ་རྒྱུས་གོ་སྐབས་བསུ་བཞིན་ཡོད་ཅིང་། དེ་ནི་དཀར་མཛེས་ཁུལ་གྱི"རིག་གནས་ཡུལ་སྐོར་ཁུལ"འཛུགས་སྐྲུན་གྱི་གཙོ་གནད་གལ་ཆེན་ཞིག་ཡིན་ལ། ཁམས་ཁུལ་གྱི་ཡུལ་སྐོར་ལས་གཏོད་ཐེངས་གཉིས་པ་ཡིན། ལྗོངས་ཁུལ་འཕེལ་རྒྱས་གཏོང་བརG318ཀྲུང་གོ་མཛེས་ལྗོངས་ལམ་ཆེན་གྱི་སྤུས་རྟགས་ལེགས་ཆར་དམ་པོར་དམིགས་ཏེ་ཕྲེང་སྦྲེལ་རྣམ་པའི་ཐོག་ནས་གསར་སྤེལ་བྱས་པ་བརྒྱུད་ལམ་རྒྱུད་ཀྱི་མཛེས་ལྗོངས་མཉམ་འགུལ་གཏིང་ཟབ་ཐུབ་པ་བྱ་དགོས་ཞེས་བསྟན།    ཚོགས་འདུར་ཁུལ་དང་རྫོང་གིས་ལོ་རྒྱུས་ཁྲོད་ལུས་པའི་གནད་དོན་སེལ་བ་དང་། དོ་གནད་འཆར་འགོད་ལེགས་སྒྱུར། ཚོང་ར་ཅན་གྱི་འཁོར་སྐྱོད་སོགས་འགག་རྩ་ཐག་གཅད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ལེགས་པར་བསྒྲུབས་ཏེ། གཞི་རིམ་གྱི་དཀའ་གནད་སེལ་བ་དང་ལྗོངས་ཁུལ་འཕེལ་རྒྱས་གཏང་རྒྱུར་བར་སྟོང་གསར་པ་རྒྱ་བསྐྱེད་དགོས།    ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། མཚོ་ལ་དོ་དམ་ཨུ་ལྷན་དང་ལི་ཐང་རྫོང་གི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད། ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཚེ་པོ་ཡིས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཆད་ཁྲིད་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།