དམངས་ཀྱི་བདེ་སྡུག་སེམས་སུ་བཅངས།། སྨན་བཅོས་ལས་ལ་ཧུར་གྱིས་བརྩོན།། ——སྨན་པ་བཟང་པོ་དབྱང་ཅེ་ཡི་གནས་ཚུལ་རགས་བཀོད།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)        2024-07-12

དམངས་ཀྱི་བདེ་སྡུག་སེམས་སུ་བཅངས།། སྨན་བཅོས་ལས་ལ་ཧུར་གྱིས་བརྩོན།།

དབྱང་ཅེ་ཡིས་ནད་པ་དང་བྱམས་བརྩེའི་ངང་ཁ་བརྡ་ལབ་བཞིན་པ།

དམངས་ཀྱི་བདེ་སྡུག་སེམས་སུ་བཅངས།། སྨན་བཅོས་ལས་ལ་ཧུར་གྱིས་བརྩོན།།

དབྱང་ཅེ་དང་ནད་གཡོག་པས་སྨན་བཅོས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་བཞིན་པ།

དབྱང་ཅེ་ནི་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་བྱ་གཞག་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་དང་།སྡེ་དགེ་རྫོང་མི་དམངས་སྨན་ཁང་གི་མགོ་འཛིན།འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་བཅས་ཡིན།

དབྱང་ཅེ་ཡིས་ངས་ཁྱིམ་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།གང་རེད་ཅེ་ན། འདི་ལོ་ཁ་ཤས་རིང་ངས་སྨན་པའི་བྱ་གཞག་ཐད་ནུས་པ་ཡོད་དགུ་བཏོན་ནས་ཁྱིམ་གྱི་གནས་ཚུལ་ལ་སེམས་ཁུར་དང་ལྟ་རྟོག་བྱ་རྒྱུ་མ་བྱུང་།ལྷག་པར་དུ་ངའི་ཕ་མ་གཉིས་ཀ་ལོ80ལྷག་ལ་སླེབས་ཡོད་པས་རིམས་ནད་ཀྱི་རྗེས་སུ་ཁོང་གཉིས་པོའི་ལུས་ཁམས་མི་བདེ་བ་དང་ལུས་པོ་ཉམས་ཞན་དུ་གྱུར་ནས་ཚེ་སྲོག་གི་ཉེན་ཁ་དང་འཕྲད་ཡོད། འོན་ཀྱང་ཁོང་ཚོས་ང་ལ་ཁྱིམ་དུ་ལོག་ནས་ལྟ་རྟོག་བྱ་དགོས་པའི་རེ་བ་གཏན་ནས་འདོན་མ་མྱོང་།ཁྱིམ་མི་ཚང་མས་ངའི་ལས་ཀ་དང་བྱ་གཞག་སོགས་གང་ཐད་ནས་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཆེ། ད་ལྟ་ངས་གནས་ཚུལ་དེ་དག་ལ་བསམ་བློ་རེ་གཏོང་དུས་བྱ་གཞག་ལས་དོན་ཐད་གྲུབ་འབྲས་ཅུང་ཐོབ་ཡོད་པས་དགའ་འོས་པ་ཞིག་ཡིན་ཡང་ཁྱིམ་མིར་ལྟ་རྟོག་མ་ཐུབ་པས་འགྱོད་སེམས་ཀྱང་སྐྱེས་བྱུང་། ངའི་ཨ་ཕ་ནི་ཏང་ལོ60ཡོད་པའི་གུང་ཁྲན་ཏང་མི་རྒན་པ་ཞིག་ཡིན་ཏེ་ཁོང་གིས་དུས་རྒྱུན་ང་ལ་གུང་ཁྲན་ཏང་མི་ཞིག་ཡིན་པའི་ངོས་ནས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་བརྩི་སྲུང་ཞུས་པ་དང་རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་འགན་འཁྲི་ཡིན་པ་དང་དེའི་སྐོར་ནས་ཤུགས་རྒྱག་དགོས་ཞེས་སྐུལ་མ་ཡང་ཡང་གནང་བྱུང་ཞེས་བཤད།

ལོ་གཉིས་གོང་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་བྱ་གཞག་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་དབྱང་ཅེ་བློ་ཐག་ཆོད་པོས་རོགས་སྐྱོར་དཔུང་ཁག་ནང་ཞུགས་ནས་རང་ཉིད་ཀྱི་གསོ་རིག་ཤེས་བྱ་དང་ནད་ཐོག་ཉམས་མྱོང་སྤྱད་དེ་སྡེ་དགེ་རྫོང་གི་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་དང་རེ་བ་སྦྱིན་དུ་ཡོང་བ་རེད།

དབྱང་ཅེ་སྡེ་དགེར་སླེབས་མ་ཐག་ཛ་དྲག་གི་རིམས་ནད་འགོག་ཟོན་ལས་དོན་ནང་ཞུགས། རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་འཕྲོད་བསྟེན་བདེ་ཐང་ཅུས་བཅས་ཀྱི་མགོ་ཁྲིད་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྡེ་དགེའི་རིམས་ནད་ཐད་ནད་ཡམས་མི་ཐོན་པ་དང་།ཕྱིར་མི་མཆེད་པ།འགོས་པ་མེད་པ་བཅས་གསུམ་མི་ཐོན་པ་མངོན་འགྱུར་བྱུང་བ་རེད།དེའི་རིང་དབྱང་ཅེ་ཡིས་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་ནད་རིམས་འགོག་ཟོན་གྱི་བྱ་ཐབས་ཁག་ལག་བསྟར་ནན་པོ་བྱས་པར་མ་ཟད།མཇོ་མདའ་དང་དཔལ་ཡུལ། སྡེ་དགེ་བཅས་ས་གནས་དེ་གའི་ཚབས་ཆེ་བའི་ནད་པ20ལྷག་ཧུར་གྱིས་བཅོས་ཡོད།

རིམས་ནད་འགོག་ཟོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་བླངས་རྗེས་དབྱང་ཅེ་ཡིས་ད་དུང་མཚམས་འཇོག་བྱས་མེད། ཁོས་ཚོགས་པ་སྣེ་ཁྲིད་དེ་སྦྲུམ་མའི་སྐྱོབ་བཅོས་ལྟེ་གནས་བསྐྲུན་པས་སྡེ་དགེ་དང་མཐའ་འཁོར་རྫོང་ཁོངས་སུ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་།དུས་མཉམ་དུ་བདེ་ཐང་དོ་དམ་ལྟེ་གནས་བསྐྲུན་ནས་གཟུགས་པོར་བརྟག་དཔྱད་བྱེད་མཁན་མི་ཐེངས་བརྒྱ་ཆ140མང་དུ་ཕྱིན་ཡོད།

སྨན་བཅོས་ལག་རྩལ་གྱི་རོགས་སྐྱོར་ཕུད།དབྱང་ཅེ་ཡིས་ད་དུང་སྤྱི་ཕན་དྲིལ་བསྒྲགས་དང་བདེ་ཐང་སློབ་གསོ་ཁྱབ་གདལ་གཏང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཁོས་ཚོགས་པ་སྣེ་ཁྲིད་དེ་ཡུལ་གྲོང་དང་དུད་ཚང་ལ་བསྐྱོད་ནས་འོས་འགན་སྨན་བཅོས་དང་སྐོར་ཞིབ་སྨན་བཅོས་ཀྱི་སྤྱི་ཕན་དྲིལ་བསྒྲགས་བྱས་ཏེ་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་ཁག་ཏུ་ཐེངས20ལྷག་སོང་ནས་མང་ཚོགས་ལ་སྨན་བཅོས་སྨན་རྫས་ཐེངས་ཁྲི་ཡན་སྐྱེལ་ཡོད། ཁོས་ད་དུང་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་མཉམ་ལས་བྱས་ཏེ་རུས་ཚིགས་དང་སྐྱ་འགྲིབ་ཀྱི་ནད་པ200ལ་སྤྱི་ཕན་གཤགས་བཅོས་བྱས་ནས་ས་གནས་དེ་གའི་ནད་པར་རོགས་རམ་ཆེན་པོ་བྱས།

སྡེ་དགེ་རྫོང་དུ་ཁྲག་ཤེད་མཐོ་བའི་ནད་པ་མང་བ་དང་ཚབས་ཆེ་བའི་གནས་ཚུལ་ལ་དམིགས་ཏེ་དབྱང་ཅེ་ཡིས་ཚོགས་པ་སྣེ་ཁྲིད་དེ་ཁྲག་ཤེད་ཚད་གཞིའི་ལྟེ་གནས་བསྐྲུན་ནས་རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་འཛུགས་སྐྲུན་ལྟེ་གནས་སུ་ཐོག་མར་ཞུགས་པའི་རྫོང་རིམ་པའི་སྨན་ཁང་ཐོག་མར་གྱུར་ཡོད། བྱེད་ཐབས་དེས་སྡེ་དགེ་རྫོང་གི་མང་ཚོགས་ལ་སྙིང་ཀླད་ཁྲག་རྩའི་ནད་ཀྱི་འགོག་སྲུང་བྱེད་ཐབས་དང་པོ་བཏོད་དེ་སྙིང་ཀླད་ཁྲག་རྩའི་ནད་ཕོག་ཚད་དང་ཤི་ཚད་ནུས་ལྡན་ངང་ཉུང་དུ་བཏང་ཡོད།

རང་ཡུལ་གྱི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཆེད།དབྱང་ཅེ་ཡིས་བྱེད་ཐབས་སྣ་ཚོགས་སྤྱད་ཡོད། ཁོས་མཚན་མོའི་སློབ་གྲྭ་དང་།རྒྱང་ཁྲིད་གསོ་སྦྱོང་།ལག་ཁྲིད།དགེ་རྒན་གྱི་ཁྲིད་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ས་གནས་དེ་གའི་སྨན་པར་སློབ་ཁྲིད་བྱས་ནས་སྨན་བཅོས་ཤེས་ལྡན་མི་སྣ་ཕུལ་བྱུང30ལྷག་གསོ་སྐྱོང་བྱས་པ་རེད།དེའི་ནང་མཐོ་རིམ་སྨན་པ་བཅུ་གཅིག་གིས་འབྲེལ་ཡོད་ཐོབ་ཐང་གི་རྒྱུགས་འཕྲོད། ཤེས་ལྡན་མི་སྣ་དེ་དག་གིས་སྡེ་དགེ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད།སྡེ་དགེ་རྫོང་གི་སྨན་བཅོས་བྱ་གཞག་གི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤེས་ལྡན་མི་སྣའི་འགན་ལེན་ནུས་ལྡན་བྱས་ཡོད།

དབྱང་ཅེ་ཡིས་སྡེ་དགེ་རྫོང་མི་དམངས་སྨན་ཁང་གི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་བཏོན་ནས་སྨན་ཁང་གི་འབྲེལ་ཡོད་ལམ་ལུགས་གསེད་བཀྲོལ་དང་འཐུས་ཚང་དུ་བཏང་བར་བརྒྱུད་དོ་དམ་ཐད་ཀྱི་མི་འདང་སར་ཁ་གསབ་བྱས་ཡོད། བྱེད་ཐབས་དེ་དག་གིས་སྨན་ཁང་གི་གཉེར་སྐྱོང་ལས་ཕྱོད་དང་ཞབས་ཞུའི་སྤུས་ཚད་དངོས་གནས་མཐོ་རུ་ཕྱིན་ནས་སྡེ་དགེ་རྫོང་མི་དམངས་སྨན་ཁང་གིས་ནད་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་པར་འགན་ལེན་བྱས་ཡོད།

དབྱང་ཅེ་ཡིས་རང་གི་ཁྱིམ་མིས་ཁོང་ལ་བཟོད་སྒོམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ལྷག་པར་དུ་ལོ་ན་མཐོ་བའི་ཕ་མས་རིམས་ནད་བྱུང་རིང་ང་ལ་བཟོད་སྒོམ་དང་ཁོང་ཡངས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་དང་ཆབས་ཅིག་ང་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་དོན་སྒྲུབ་མཁན་ལས་གྲོགས་ཚོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོས་མཉམ་དུ་འབད་བརྩོན་བྱས་ཚེ་ཚོགས་པ་སྒྲིག་འཛུགས་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་དབྱང་ཅེ་ཡིས་སྡེ་དགེ་ནས་ཁ་བྲལ་རྗེས་མུ་མཐུད་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ནང་ཞུགས་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་དང་། ཁོས་བརྒྱུད་སྤྲོད་ཚོགས་པའི་རོགས་སྐྱོར་འོག་སྡེ་དགེ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྔར་བས་ཡར་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཁོ་རང་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས་དེའི་ནང་ཞུགས་ནས་ལོ་གཉིས་རིང་སྡེ་དགེ་རྫོང་གི་སྨན་བཅོས་ལས་ཀའི་བརྒྱུད་རིམ་ནི་རང་གི་མི་ཚེའི་ཁྲོད་ཀྱི་ངོ་མཚར་ཆེས་ཆེ་བའི་བརྒྱུད་རིམ་ཞིག་ཏུ་བརྩི་བཞིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཁམས་བདེ་ཆེན་ཡུལ་གྱི་ཆང་གི་རིག་གནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།