རིག་པེས། 2011-12-06
ལ་ལས་འབྲོག་པ་ཟེར་ནས་བཙོག་ལ་ལྟ།།
ལས་ལས་རོང་པ་ཟེར་ནས་ཕར་ལ་འཕེན།།
ལ་ལས་རོང་འབྲོག་ཟེར་ནས་འཕྱ་སྨོས་བྱེད།།
ང་ལ་འདི་དང་འདྲ་བའི་སྙིང་སྟོབས་མེད།།
ལ་ལས་ཐ་མག་འཐེན་ནས་མི་ཚེ་ཟད།།
ལ་ལས་རྒྱ་གྲོང་འགྲིམ་ནས་སྨྱོན་པ་བྱེད།།
ལ་ལས་གྲོང་ཁྱེར་མཐའ་ན་འགོ་བོ་འཁོར།།
ང་ལ་འདི་དང་འདྲ་བའི་དུས་ཚོད་མེད།།
རྒྱབ་ན་དྲིན་ཆེན་ཕ་མ་བཀའ་དྲིན་ཅན།།
མདུན་ན་མུན་སེལ་སྒྲོན་མེ་འོད་ཅན་ཞིག།
ལག་ན་ལྕགས་སྨྱུག་འབྲི་དེབ་ཆ་ཚང་ཞིག།
འདི་ནི་སློབ་བུ་ང་ཡི་འགྲོ་རོགས་ཡིན།།
རྩོམ་གསར། 10