དུས་ཀྱི་དགའ་སྟོན།

        2018-10-31

ཉམས་འགྱུར་འབུམ་གྱིས་ཕྱུག་པའི་གླུ་གར་རྒྱ་མཚོའི་ཀློང་ནས་འདས་པའི་དུས་ཚོད། མི་ཚོགས་རྦ་རླབས་འཕྱོ་བའི་འཇིག་རྟེན་འདི་ནས་ནམ་ཡང་སྒྱུ་རྩལ་དང་སྲོལ་རྒྱུན་རིག་གནས་འགའ་ཞིག་ནི། རྨི་ལམ་གྱི་དག་ཞིང་ཞིག་དང་མཚུངས་ལ། རྣམ་ཤེས་དང་བེམ་པོ་འདི་ཉིད། དྲོད་ཁོལ་གྱི་དབྱིངས་སུ་འཐིམ་ནས་མཛེས་སྡུག་གི་ལང་ཚོའི་གསོན་ཤུགས་དང་། མགྲིན་པའི་འགྱུར་ཁུགས་ནས་ནར་སོན་པའི་ན་གཞོན་འགའ་ཞིག་གི་སྒྱུལ་རྩལ་གྱི་མཆོད་གླུ་དྲངས། ད་དུང་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་ལ་རྒྱའི་སྟོབས་རྩལ་འབར་བའི་གཞོན་ནུ་འགའ་ཞིག་དྭངས་གཙང་གི་སྐད་ངག་སྙན་མོས་འགྱུར་ཁུག་དང་ཡ་རབས་སྤྱོད་བཟང་གི་གཤིས་ཀ་སོགས་མངོན་འདུག རྩྭ་ཐང་ཡངས་པོའི་སྟེང་ན་སྦྲ་ནག་སྟོབས་ཀྱིས་འགྱིང་བའི་འབྲོག་སྡེ་དང་སྙེ་མའི་རྦ་རླབས་འཕྱོ་བའི་ཞིང་པ་རྣམས་དང་། ལས་ཁུངས་དང་དྲྭ་ཁང་ཤེས་ཡོན་གྱི་སྦྲང་ཆར་འབབ་སའི་སློབ་གྲྭ་སོགས་ཀྱི་ཕྱི་ནང་བར་གསུམ་གྱི་དྲྭ་ལམ་བརྒྱུད་ནས་གནས་མཆོག་དཀར་མཛེས་ཀྱི་ངོ་མཚར་འབུམ་གྱིས་ཕྱུག་པའི་གླུ་གར་གཞས་གསུམ་གྱི་མཆོད་པ་འབུལ་གྱིན་ཡོད།

གྲངས་ཉུང་མི་རིགས་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཀྱི་གླུ་བྲོ་དང་སྒྱུལ་རྩལ་རེ་རེས་ཁྱད་ཆོ་ནི། ཧི་མ་ལའི་དབུ་རྩེ་ཡོམ་གྱིས་སྒུལ་བའི་གངས་རིའི་གཟི་དཔལ་དང་མི་རིགས་སོ་སོས་དར་འཕེལ་གྱི་སྙན་རྩོམ་སྤོབས་པའི་ངང་གྱིས་གྱེར་བཞིན་པའི་ཀི་སྒྲ་རེད།

དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི༼ ཀུན་བཟང་། ༽


  • ལེ་ཚན་སྔོན་མ།:རྩོམ་གྱི་གོམ་ཁ་དེབ་ཚགས་ལས་སྤོས།
  • ལེ་ཚན་རྗེས་མ།:སློབ་སྦྱོང་དང་བྲལ་བའི་སྤྱི་ཚོགས་ཀྱི་འཆར་ཡན།