ངའི་ཕ་ཡུལ་གྱི་ཡུལ་ལྗོངས།

ལི་སྟོད་བྱམས་བརྩེ་སློབ་གྲྭའི་བཀྲ་ཤིས་བློ་བཀྲ།        2018-10-31

ངའི་ཕ་ཡུལ་རྟའུ་གནས་སྡེ་ཕྱུག་མོ་འདི།།

ང་ཡི་ཕ་ཡུལ་ཡིན་ནམ་མིན་ཞེས་བརྗོད།།

སྤྲོ་སེམས་ངང་ནས་ཡིན་ཞེས་ཨ་ལན་བཏབ།།

ཡུལ་འདིའི་མཛེས་ལྗོངས་ཅི་འདྲ་རེད་ཅེ་ན།།


ཡུལ་ལྗོངས་དེ་ལ་དབྱེ་ན་རྒྱན་གསུམ་མོ།།

གཅིག་ནི་བརྗིད་ཉམས་ལྡན་པའི་རི་བོ་སྟེ།།

དེ་ཡི་གཟར་ཚད་གང་འདྲ་རེད་ཅེ་ན།།

བྲག་དེ་གཟར་ཡང་མེ་ཏོག་སྣ་ལྔས་བརྒྱན།།


གཉིས་དེ་ཕ་ཡུལ་དེ་གའི་ཆུ་བོ་སྟེ།།

དྭངས་ཤིང་གཡུ་ཡི་མེ་ལོང་ལྟར་གནས་པས།།

ཆུ་དེ་གསོལ་ན་ཚེ་ཐག་རིང་ཞེས་བྱ།།

དེ་ནི་ཕ་ཡུལ་ཆུ་བོའི་ཁྱད་ཆོས་སོ།།


གསུམ་དེ་མུ་མཐའ་མེད་པའི་རྩྭ་ཐང་ངོ་།།

ཨེ་མ་འདི་འདྲ་ཡངས་རྒྱ་ཆེ་བ་ལ།།

འདི་འདྲའི་མཛེས་སྡུག་ལྡན་པའི་གནས་མཆོག་དེ།།

བུ་ཆུང་ང་ཡི་ཕ་ཡུལ་ཡུལ་ལྗོངས་སོ།།

  • ལེ་ཚན་སྔོན་མ།:ཨ་མར་ཕུལ་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་དྲན་སྐུལ།