དགེ་རྒན། ང་ཚོའི་སེམས་ཁོང་གི་ཉི་མ། ཁྱེད་ཀྱི་བརྩེ་ཞེན་གྱི་འཛུམ་ཟེར་མི་ཡུལ་ལ་འཕྲོ་དུས། ང་ཚོ་ཁྱེད་ཀྱི་འོད་སྣང་ལ་བརྟེན་ནས་འཚར་ལོངས་བྱུང་།
དགེ་རྒན་ལགས། ཁྱེད་ཀྱིས་རང་ལུས་ཀྱི་ཟུངས་ཁྲག་དྲོན་མོ་འོད་སྣང་རུ་སྦར་ཏེ། ཁྱེད་ལ་གཞན་ཕན་གྱི་ལྷག་བསམ་འཚེར་བའི་འཆར་ཡན་གྱི་གཏན་ཚིགས་འབུས་པ་ནས། ཁྱེད་ཀྱི་སྙིང་སྟོབས་དང་ཡིད་ཆེས་ལ་འགྱུར་བ་མེད་པར། ཁྱེད་ཀྱིས། ཐ་སྙད་གྲངས་མེད་ཀྱི་ཟེགས་མ་ལམ་ལམ་འཕྲོ་བ་ང་ཚོའི་ལུས་ལ་སྤྲོས་ཤིང་། ཁྱེད་ཀྱིས། སྨག་རུམ་གྲངས་མེད་ཀྱི་སེང་རས་ལྷབ་ལྷུབ་གཡོ་བ་ང་ཚོའི་སེམས་ན་བཞད་པས། ང་ཚོའི་ཁྱིམ་གཞི་ལ་སྤྲོ་སྐྱིད་ཀྱི་འཛུམ་མདངས་གསར་པ་རྒྱས་ཤིང་། ང་ཚོའི་བློ་རིག་ལ་རྣམ་དཔྱོད་ཀྱི་མྱུ་གུའི་སྐྱེས་སྟོབས་འབར། དགེ་རྒན་ལགས། ང་ཚོའི་རྒྱབ་ལྗོངས་སུ་ཁྱེད་ཀྱིས་ཤེས་རབ་ཀྱི་མེ་ལྕེ་བགོས་པ་ནས། ང་ཚོའི་སེམས་ཁོང་ན་རྨོངས་སྐྱོ་དང་སྡུག་ཡུས་མེད་པར། ཞི་བདེ་དང་མཛའ་མཐུན་ལ་སྨོ9