དུས་བཞིའི་སྙན་ཚིག

མཚོ་ལྷོ།(པད་མ་མཚོས།)        2011-01-06

དབྱར།
རབ་དྭངས་དྭངས་གཙང་མཁའ་དབུགས་སྨན་གྱི་མཆོག།
རབ་སྙན་སྙན་འཇེབས་བྱ་སྐད་རྣ་བའི་དཔྱིད།།
རབ་མངར་མངར་ཞིབ་ཆུ་བཟང་བཞུར་སྒྲ་སྙན།།
རབ་དབེན་དབེན་པའི་གནས་འདི་ཉམས་རེ་དགའ།།
སྟོན།
རབ་གསེར་གསེར་མདོག་ས་གཞི་གསེར་ལས་མཆོག།
རབ་ལྗིད་ལྗིད་པའི་ལོ་ཏོག་ལྡེམ་ལྡེམ་གཡོ།།
རབ་བརྩོན་བརྩོན་འགྲུས་ཆེ་བའི་ཞིང་པ་རྣམས།།
རབ་ཡངས་ཞིང་སའི་སྟེང་ན་ལས་ལ་བྲེལ།།
དཔྱིད།
ལྷུང་ལྷུང་ཆར་པ་ཤག་ཤག་བབས་པ་ན།།
ལྗང་ལྗང་རྩྭ་དང་ཁྲ་ཁྲའི་མེ་ཏོག་སོགས།།
རང་རང་དབུ་ནས་ཞབས་བར་ལེགས་བསིལ་ཏེ།།
ལྡེམ་ལྡེམ་ལས་ཕྲ་ཀུན་ལ་ངོམས་པ་འདྲ།།
དགུན།
ལྷབ་ལྷུབ་འདབ་དྲུག་ཁ་བ་བབས་པ་ན།།
སྒང་སྒང་རི་བོ་བ་སོའི་མཆོད་རྟེན་དང་།།
གཤོང་གཤོང་རི་སུལ་དུང་གི་གཞོང་པ་གཉིས།།
དཀར་དཀར་མཛེས་མདངས་ཕན་ཚུན་འགྲན་པ་འདྲ།།
  • ལེ་ཚན་སྔོན་མ།:རི་ཁུལ་གྱི་མཚར་ཉམས།
  • ལེ་ཚན་རྗེས་མ།:མགྱོགས་བྲིས་ཁག་གསུམ།