ཆར་རྗེས།

        2018-04-17

ཕལ་བའི་སེམས་པ་སྡོང་མགོའི་ཆུ་ཟིལ་རེད། །

རླུང་གིས་མ་གཡོ་སྐྱོ་སྐྱོ་གྲངས་མེད་རེད། །

ནམ་མཁའི་སྤྲིན་པར་ཞེན་ཆགས་ལྕི་མོ་རེད། །

གདན་ཐོག་རི་བོར་འཁྱུད་ནས་བྲལ་མེད་རེད། །

 

དར་མདོའི་གཙང་བོའི་བཞུར་ཕྱོགས་རྒྱང་རིང་རེད། །

ཞེ་གཅོང་ཡང་ཡང་གནང་བ་རྫོགས་མེད་རེད། །

བྱམས་པའི་མིག་ཟུང་སྐལ་བའི་རི་མོ་རེད། །

གཟུགས་མེད་མདའ་མོ་གཏོང་བའི་རྔོན་པ་རེད། །

 

དགོང་མོའི་ཟླ་སྨྲེང་སྨུག་པས་བཟི་འདུག་རེད། །

གོམ་འགྲོས་འཁྲུལ་ན་གནས་འདིར་མི་སླེབས་རེད། །

ཤག་གི་སྒེའུ་ཁུང་ཤར་ལ་ཕྱེས་ཡོད་རེད། །

རྨི་ལམ་ནང་གི་ཟླ་བར་སྒུག་དགོས་རེད། །

ཞིང་ཆེན་བོད་ཡིག་སློབ་གྲྭའི༡༧་༢ ༼མ་ར་ཀ་ཏ།༽


  • ལེ་ཚན་སྔོན་མ།:སྐར་གྲངས་ཀྱིས་མནར་གཅོད།
  • ལེ་ཚན་རྗེས་མ།:ཁྱེད་རང་གླེང་བ།