སྐར་གྲངས་ཀྱིས་མནར་གཅོད།

        2018-04-17

ཆ་མེད་ཤེས་རིག་འཕྲད་དུས།།

སྦྱོང་བརྩོན་དམ་ཚིག་མེད་ན།།

རྒྱུ་འབྲས་མྱུ་གུ་འབུས་དཀའ།།

བཀའ་བསྟན་མདོ་ཡིག་མི་གླེང་།།

གཞུང་ལུགས་བཀའ་པོད་མི་སྒྲོགས།།

བསླབ་པའི་ཆོད་སེམས་དབེན་ན།།

ཀ་མད་སུམ་ཅུ་ཡིན་ཡང་།།

འགྱོད་དང་འཁང་ར་ཙམ་ལས།།

འབྲས་བུའི་མྱུ་གུ་མི་ཡོང་།།

དུས་དང་རྣམ་པར་ཀུན་ཏུ།།

ལེ་ལོ་རྣམ་གཡེང་སྤངས་ཏེ།།

བློ་དང་རིག་པ་བསྒྲིམ་དགོས།།

གལ་ཏེ་མེད་པར་གྱུར་ན།།

བསྐལ་བཟང་ཡར་འགྲོ་ཞིག་ལ།།

རྒྱུགས་འབྲས་ཞེས་པའི་ཐ་སྙད།།

ཐོས་འཛིན་ཕྱོགས་སུ་འཛུམ་ཚེ།།

སྐར་གྲངས་དམར་པོའི་མནར་གཅོད།།

འཛིན་མའི་ཁྱོན་དུ་འཕྲོ་ཚེ།།

སྙིང་རླུང་སྟོད་ལ་འཚང་ཡོང་།།

བློ་དང་རྒྱུ་མ་འགུལ་ཡོང་།།

རྣམ་རིག་དྲན་པ་འཐོར་འགྲོ།

དཀར་གམཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི༼སྐལ་བཟང་རྡོ་རྗེ།༽


  • ལེ་ཚན་སྔོན་མ།:དཔྱིད་འཛུམ་མེ་ཏོག་ཕྲ་ཚོམ།
  • ལེ་ཚན་རྗེས་མ།:ཆར་རྗེས།